དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཙེ་ཨོ་ཕི་ཡའི་མཁས་དབང་གིས་བརྗོད་དོན།

    ཨེ་ཙེ་ཨོ་ཕི་ཡ་འབོ་གསེར་མཉམ་ལས་ལམ་སྲོལ་ནང་ཞུགས་པ་དེས་དཔལ་འབྱོར་འཕེལ་རྒྱས་དང་ཆབ་སྲིད་མཉམ་ལས་ལ་སྐུལ་མ་ཐེབས་རྒྱུ་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-30

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨེ་ཏི་སི་ཨ་པ་པ་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པའི་དམིགས་བསལ་གསར་འགོད་པའི་ཚོགས་འདུའི་ཐོག་ཨེ་ཙེ་ཨོ་ཕི་ཡ་སོགས་རྒྱལ་ཁབ་6འབོ་གསེར་ཁྱིམ་ཚང་ཆེ་མོའི་ཁོངས་མིར་དངོས་སུ་འགྱུར་བའི་ཁྱབ་བསྒྲགས་བྱས་པ་རེད། ཉེ་ཆར་ཨེ་ཙེ་ཨོ་ཕི་ཡའི་མཁས་དབང་གིས་འབོ་གསེར་མཉམ་ལས་ལམ་སྲོལ་ནང་ཞུགས་པ་དེས་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེ་དང་འབོ་གསེར་རྒྱལ་ཁབ་དབར་གྱི་ཆབ་སྲིད་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་བརྗོད་པ་རེད།

    ཨེ་ཙེ་ཨོ་ཕི་ཡའི་ཨེ་ཏི་སི་ཨ་པ་པ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་པཱ་ལུའུ·ཏེ་སྨི་ཤིས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཨེ་ཙེ་ཨོ་ཕི་ཡས་འབོ་གསེར་རྒྱལ་ཁབ་དང་མཉམ་ལས་བྱེད་རིང་ཕན་པ་མང་པོ་ཐོབ་རྒྱུ་ཡིན་པ་དཔེར་ན། ཕྱི་རྒྱལ་གྱི་ཐད་ཀའི་མ་རྩ་འགུགས་ཐབས་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་གཏོད་པ་སོགས་བྱེད་ཐུབ་ཀྱི་རེད། ཨེ་ཙེ་ཨོ་ཕི་ཡས་ད་དུང་འབོ་གསེར་རྒྱལ་ཁབ་ཀྱི་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་སྤྱད་དེ་འབྲུ་རིགས་ཐོན་སྐྱེད་བྱེད་སྟངས་སོགས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱས་ན་འགྲིག་གི་རེད་ཅེས་བརྗོད་པ་རེད།

    ཏེ་སྨི་ཤིས་ཀྱིས་ད་དུང་ཨེ་ཙེ་ཨོ་ཕི་ཡ་འབོ་གསེར་མཉམ་ལས་ལམ་སྲོལ་ནང་ཞུགས་པ་དེས་ལམ་སྲོལ་དེའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། “དཔལ་འབྱོར་མགྱོགས་མྱུར་འཕར་བའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཅིག་ཡིན་པའི་ཨེ་ཙེ་ཨོ་ཕི་ཡས་འབོ་གསེར་མཉམ་ལས་ལམ་སྲོལ་ལ་སྟོབས་ཤུགས་སྐྱེས་སུ་འབུལ་བ་དང་འབྲེལ། ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོར་རེ་བ་གསར་པ་ཞིག་སྦྱིན་རྒྱུ་རེད”ཅེས་བརྗོད་པ་རེད།

    ཨེ་ཙེ་ཨོ་ཕི་ཡའི་སྲིད་འཛིན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་མུའུ་ཁེ་ལི་མུའུ·སྨི་ཕུའུ་ཐ་ཡིས། ཨེ་ཙེ་ཨོ་ཕི་ཡ་འབོ་གསེར་མཉམ་ལས་ལམ་སྲོལ་ནང་ཞུགས་པ་དེས་ཨེ་ཙེ་ཨོ་ཕི་ཡ་དང་འབོ་གསེར་ཁྱིམ་ཚང་ཆེ་མོའི་དབར་བརྟན་ལ་ཡུན་རིང་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་མཉམ་ལས་འབྲེལ་བ་ཞིག་འཛུགས་པ་དང་ཁོངས་མིའི་རྒྱལ་ཁབ་ཁག་དང་དེ་བས་འཐུས་སྒོ་ཚང་བའི་དཔལ་འབྱོར་དང་། ཚོང་དོན། མ་འཇོག་བཅས་ཀྱི་འབྲེལ་བ་འཛུགས་པར་ཕན་པ་ཡོད་ཅེས་གསར་འགོད་པར་བརྗོད།

    མཁས་དབང་གཉིས་པོས་འབོ་གསེར་མཉམ་ལས་ལམ་སྲོལ་ནང་ཞུགས་པ་དེས་ཨེ་ཙེ་ཨོ་ཕི་ཡའི་དཔལ་འབྱོར་འཕར་རྒྱུར་ཐབས་ལམ་གསར་པ་གཏོད་རེ་ཡོད་པ་དང་ཆབས་ཅིག ཨེ་ཙེ་ཨོ་ཕི་ཡ་དང་འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་འབྲེལ་ས་ཁོངས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ནས། རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་རེ་ཡོད་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།