དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཤེ་ཡ་བྱང་ཤར་གྱི་དངོས་མང་སྟོན་ཚོགས་སྐབས་བཅུ་བཞི་པའི་རྣམ་གྲངས་ལ་མ་རྩ་འཇོག་པའི་གཞི་ཁྱོན་གྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-30

    ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཁྲུན་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ཉིན་5འཚོགས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་བྱང་ཤར་གྱི་དངོས་མང་སྟོན་ཚོགས་སྐབས་བཅུ་བཞི་པ་ཚེས་27ཉིན་མཇུག་འགྲིལ་ཞིང་། གསར་འགོད་པར་ཨེ་ཤེ་ཡ་བྱང་ཤར་གྱི་དངོས་མང་སྟོན་ཚོགས་ལག་བསྟར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འགྲེམས་ཚོགས་རིང་། རྒྱལ་སྤྱི་དང་རྒྱལ་ནང་གི་མཉམ་ལས་རྣམ་གྲངས་99ལ་མིང་རྟགས་བཀོད་ནས་མ་དངུལ་སྒོར་དུང་ཕྱུར་844.75བཀུག་པ་དེས་རྣམ་གྲངས་ལ་མ་རྩ་འཇོག་པའི་གཞི་ཁྱོན་གྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད།

    ད་རེས་ཀྱི་ཨེ་ཤེ་ཡ་བྱང་ཤར་གྱི་དངོས་མང་སྟོན་ཚོགས་ཀྱིས“ཨེ་ཤེ་ཡ་བྱང་ཤར་མཉམ་དུ་སྐྲུན། མཉམ་ལས་བྱས་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཨེ་ཤེ་ཡ་བྱང་ཤར་གྱི་དངོས་མང་སྟོན་ཚོགས་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལུའི་ཧའེ་ཆང་གིས། བྱེད་སྒོའི་རིང་། རྒྱལ་ཁབ་དང་ས་ཁུལ་123ནས་ཡོང་བའི་ཚོང་ཤག་དང་ཚོང་པ་ཁྲི་2ལྷག་ཙམ་དྲ་ཕྱིའི་ཚོགས་འདུར་ཞུགས་ཡོད། དེའི་ནང་འཛམ་གླིང་གི་ཁེ་ལས་རྩེ་གྲ་500ཡི་ཁེ་ལས་58དང་ཀྲུང་གོའི་ཁེ་ལས་རྩེ་གྲ་500ཡི་ཁེ་ལས་12ཡོད། མཉམ་ལས་སྐུལ་འདེད་ཚོགས་འདུ་དང་ཆེད་དོན་འོས་སྦྱོར་ཚོགས་འདུ་འཚོགས་པ་བརྒྱུད། རྒྱལ་སྤྱི་དང་རྒྱལ་ནང་གི་མཉམ་ལས་རྣམ་གྲངས་99ལ་མཉམ་དུ་མིང་རྟགས་བཀོད་ནས་མ་དངུལ་སྒོར་དུང་ཕྱུར་844.75བཀུག་པ་དེ་དག་ནུས་རྒྱུ་གསར་པ་དང་། ཞིང་ལས་གསར་པ། སྒྲིག་ཆས་བཟོ་སྐྲུན། སྨན་བཅོས་བདེ་ཐང་། དེང་རབས་ཞབས་ཞུའི་ལས་རིགས་སོགས་ཀྱི་ཐོན་ལས་ཁྱབ་ཁོངས་དང་འབྲེལ་བ་ཡོད། སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས་59དང་། སྒོར་དུང་ཕྱུར་5ཡན་གྱི་རྣམ་གྲངས་18 སྒོར་དུང་ཕྱུར་10ཡན་གྱི་རྣམ་གྲངས་18 སྒོར་དུང་ཕྱུར་50ཡན་གྱི་རྣམ་གྲངས་4བཅས་ཡོད་པ་དང་། རྣམ་གྲངས་ཀྱི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

    ཅི་ལིན་ཞིང་ཆེན་ཚོང་དོན་སྐུལ་འདེད་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། 2005ལོ་ནས་ད་བར། ཨེ་ཤེ་ཡ་བྱང་ཤར་གྱི་དངོས་མང་སྟོན་ཚོགས་སྐབས་བཅུ་བཞི་གཉེར་བར་ཆེད་ལས་ཚོང་ཤག་དང་ཚོང་པ་ཁྲི་79ཞུགས་ཡོད་ཅིང་རིམ་རྩིས་བྱས་ན། མཉམ་ལས་རྣམ་གྲངས་3032ལ་མིང་རྟགས་བཀོད་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་20539ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།