དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པར་ཙིར་གྱི་ཙུང་ཐུང་གིས་བརྗོད་དོན།

    དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རོགས་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-30

    ཤིན་ཧྭ་གསར་འགྱུར་ཁང་པར་ཙིར་གྱི་གྲོང་ཁྱེར་པེ་ལུན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དུས་ཡུན་ཉིན་གཉིས་ཀྱི་ཡ་མ་སུན་དབུ་ཚོགས་པར་ཙིར་གྱི་ཕ་ལཱ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་པེ་ལུན་དུ་གྲོལ་ཞིང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་ཚོགས་འདུའི་རིང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་དམ་བཅའ་ལག་བསྟར་བྱས་ནས་མ་དངུལ་བཏང་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རོགས་ཧུར་ཐག་བྱེད་དགོས་ཞེས་བརྗོད།

    ལུའུ་ལཱ་ཡིས། གོ་ལ་ཧྲིལ་པོའི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་རིམ་བཞིན་མེད་པར་ཆགས་པ་དང་གནམ་གཤིས་ཀྱི་ཉམས་ཉེན་ཚབས་ཆེར་འགྲོ་བའི་སྐབས་འདིར། བཟོ་ལས་ཅན་གྱི་རྒྱལ་ཁབ་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁོར་ཡུག་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། “མིའི་རིགས་ཀྱི་རང་བྱུང་ཁམས་ཀྱི་སྐྱེད་མར་རོགས་སྐྱོར་མཁོ་གི་ཡོད”ཅེས་རེ་འབོད་བྱས་པ་རེད།

    ཡ་མ་སུན་མཉམ་ལས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་དང་འཐུས་མི་ད་ཐེངས་ཀྱི་དབུ་ཚོགས་ལ་ཞུགས་ཤིང་། ཚོགས་ཞུགས་འཐུས་མི་ཚོས་ཡ་མ་སུན་དུ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་མཉམ་ལས་ལ་གྲོས་བསྡུར་བྱས་པ་དང་འབྲེལ《པེ་ལུན་བསྒྲགས་གཏམ》ལ་མིང་རྟགས་བཀོད་པ་རེད།

    《པེ་ལུན་བསྒྲགས་གཏམ》ནང་དམིགས་ཚད་དང་ཚད་གཞི་113ཡོད་པའི་ནང་ཡ་མ་སུན་མཉམ་ལས་ཆིངས་ཡིག་གི་རྩ་འཛུགས་སྒྲིག་གཞི་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆུའི་ཐོན་ཁུངས་ལ་དོ་དམ་ལྟ་ཞིབ་ཚད་ལེན་དང་མཉམ་ལས། ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་སོགས་ཐད་ཀྱི་ཉེན་དོན་དང་། ཁྲིམས་འཛིན། གསང་འཕྲིན་མཉམ་ལས། རྒྱུན་མཐུད་ཆོག་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ནང་དོན་ཚུད་ཡོད།

    ཡ་མ་སུན་མཉམ་ལས་ཆིངས་ཡིག་རྩ་འཛུགས་1978ལོར་བཙུགས་པ་དང་ཁོངས་མིའི་རྒྱལ་ཁབ་ནང་ཝེ་ནེ་ཙུའེ་ལ། པོ་ལི་ཝེ་ཡ། པར་ཙིར། ཁོ་ལོམ་པི་ཡ། ཨེ་ཁྭ་ཏོར། ཀུའེ་ཡ་ན། སུའུ་ལི་ནམ། ཕེ་རུ་བཅས་ཡོད་ཅིང་། དེའི་དམིགས་ཡུལ་ནི་མཉམ་འབྲེལ་བྱ་སྤྱོད་སྤེལ་ནས་ཡ་མ་སུན་གྱི་རང་བྱུང་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་དང་སྲུང་སྐྱོང་བྱས་ཏེ་ཡ་མ་སུན་རྒྱུག་ཁུལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།