ཧན་གོའི་ཧྥུའུ་ཧྲན་དུ་རི་པིན་གྱིས་ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་པར་རྒོལ་གཏམ་བཏང་བ།
ཟླ་8ཚེས་26ཉིན་གྱི་ས་སྲོས་མཚམས་སུ་ཧན་གོའི་ཧྥུའུ་ཧྲན་མེ་འཁོར་བབས་ཚུགས་ཀྱི་ཐང་ཆེན་དུ“ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་པར་བཀག་འགོག་བྱེད་པའི་ཧྥུའུ་ཧྲན་གྱི་གྲོང་མིའི་འདུ་འཛོམས་ཆེན་པོ”འཚོགས་ཤིང་། ཧྥུའུ་ཧྲན་གྱི་གྲོང་མི་བརྒྱ་གྲངས་ཀྱིས་འདུ་འཛོམས་ནང་ཞུགས་ནས་དབྱི་ཤིས་གཡོད་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་རི་པིན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་པར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན་པ་རེད། འདི་ནི་གྲོང་མིས་ལག་ཏུ་སྦྱར་ཡིག་ཁུར་ནས་ཧན་གོའི་ཧྥུའུ་ཧྲན་མེ་འཁོར་བབས་ཚུགས་ཀྱི་ཐང་ཆེན་མདུན་དུ་འདུ་འཛོམས་ནང་ཞུགས་བཞིན་པ།