དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དཔལ་འབྱོར་བརྟན་པོ་དང་དཔལ་འབྱོར་འཕར་སྣོན་ཡོང་བའི་ལས་དོན་ཏན་ཏིག་བསྒྲུབས་པ།

    ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-30

    འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཡར་བརྩོན་གྱི་རོལ་དབྱངས་ལེའུ་བརྩམས་ཡོད་པ་རེད།

    རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་ཞིབ་རྩིས་བྱས་པ་བརྒྱུད། འདི་ལོའི་ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་134.42ཟིན་པ་དེ་དུས་མཚུངས་ལས་8.5%འཕར་བ་དང་། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་8.41ཟིན་པ་དེ་དུས་མཚུངས་ལས་6.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་64.45ཟིན་པ་དེ་དུས་མཚུངས་ལས་16.4%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་61.56ཟིན་པ་དེ་དུས་མཚུངས་ལས་3%འཕར་ཡོད་པ་རེད།

    རང་སྐྱོང་ལྗོངས་ཀྱི《ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ཧུར་ཐག་གཏོད་པའི་2023ལོའི་ལས་དོན་གྱི་གཙོ་་གནད》དང་ཆབ་མདོ་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་ཡང་ཡང་བསྡུར་ནས《ཆབ་མདོ་གྲོང་ཁྱེར་གྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ཧུར་ཐག་གཏོད་པའི་2023ལོའི་ལས་དོན་གྱི་གཙོ་གནད》བཟོས་ནས་བཀྲམ་པ་དང་འབྲེལ། གཙོ་གནད་ལས་འགན་ཁག་26ལས་ཀའི་བྱ་ཐབས་ཁག་211ལ་ཞིབ་ཚགས་སུ་བཏང་སྟེ་གསལ་ཐོ་ཅན་གྱི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་འདེད་བཏང་བ་དང་ཆབས་ཅིག ཆེད་ཚན་ལས་ཀའི་གཙོ་གནད་5བཟོས་པ་དང་དུས་བཀག་ལྟར་བཀོད་གཏོང་བྱས་ནས་འཛུགས་གཏོད་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད།

    རྣམ་གྲངས་སྐྲུན་མགྱོགས་སུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། 《ཆབ་མདོ་གྲོང་ཁྱེར་གྱི“མ་འཇོག་དོན་འཁྱོལ་ལོའི”ལག་བསྟར་ཇུས་གཞི》བཀྲམ་ནས“ཟླ་ཕྱེད་ལ་བཀོད་གཏོང་ཐེངས་གཅིག་དང་། ཟླ་རེར་རྩིས་བཤེར་ཐེངས་གཅིག དུས་ཚིགས་རེར་ལྟ་སྐུལ་ཐེངས་གཅིག ལོ་ཕྱེད་ལ་དབྱེ་ཞིབ་ཐེངས་གཅིག ལོ་མཇུག་ཏུ་དཔྱད་ཞིབ་ཐེངས་གཅིག”བཅས་ཀྱི་རྣམ་གྲངས་བཀོད་གཏོང་གི་རྒྱུན་རྣམ་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་397ཧྲི་ཀྲང་གཞོན་པ་ཁག་དང་། རྫོང(ཆུས)11 གྲོང་ཁྱེར་ཐད་གཏོགས་ལས་རིགས་ཁག་གི་སྡེ་ཚན་བཅས་ལ་ལས་འགན་སྤྲད་པ་དང་ཆབས་ཅིག འཐབ་ཕྱོགས་དང་པོའི་ལས་ཀའི་བྱ་ཐབས་མཐའ་འཁྱོངས་བྱས་ནས་རྫོང(ཆུས)11དང་གྲོང་ཁྱེར་ཐད་གཏོགས་ལས་རིགས་སྡེ་ཚན་དུ་བསྐྱོད་དེ། ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་ནས་རྣམ་གྲངས་དོན་འཁྱོལ་མགྱོགས་སུ་གཏོང་བ་དང་མ་དངུལ་གཏོང་ཤུགས་ཆེ་རུ་ནུས་ལྡན་གཏོང་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་པ་རེད།

    ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར། ཆབ་མདོ་གྲོང་ཁྱེར་གྱིས་ཚད་མཐོའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་དང་། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་གཏོང་། དཀའ་སྤྱད་སྙིང་རུས་་དང་འབད་འབུངས་མདུན་སྐྱོད། འགན་འཁྲི་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་ལས་དོན་ཁག་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཅས་བཏང་སྟེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།