《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རགས་གླེང》བསླབ་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབ་གཞིའི་ནང་འགོད་པ་དང་། སློབ་ཚན་སྐབས་ཁྲིད་པ། བསམ་བློར་ཟུག་པ་བཅས་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་དེ་བས་ཡག་པོ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུས་སློབ་གསོ་པུའུ་དང་མཉམ་དུ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རགས་གླེང》(གཤམ་དུ《རགས་གླེང》ཞེས་བསྡུ་རྒྱུ)རྩོམ་འབྲི་བྱས་པ་རེད། བསླབ་གཞི་དེ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་ཤིང་། ཚེས་28ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
《རགས་གླེང》ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་པའི་གཅིག་གྱུར་རྩོམ་འབྲི་བྱས་པའི་བསླབ་གཞི་ཨང་དང་པོ་ཞིག་དང་། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་དབང་གྲགས་ལྡན་པའི་བསླབ་གཞི་ཞིག ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བསླབ་གཞིའི་མ་ལག་སྐྲུན་པར་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་བཅས་རེད། 《རགས་གླེང》རྩོམ་འབྲི་དཔེ་སྐྲུན་དང་བེད་སྤྱད་པ་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྦྱོང་མི་སྐྱོང་གིས་གཞོན་ནུ་སློབ་མར་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་བའི་དུས་རབས་ཀྱི་མི་གསར་ཧུར་ཐག་འགྱུར་བར་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
《རགས་གླེང》གླེང་གཞི་དང་། ནང་དོན་གཙོ་བོ་ལེའུ་17 མཇུག་བསྡུའི་གཏམ་བཅས་ལས་གྲུབ་ཅིང་། དེའི་ནང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་དང་། དུས་རབས་གསར་པའི་རླབས་ཆེན་གྱི་ལག་ལེན་དང་རླབས་ཆེན་གྱི་འཕོ་འགྱུར། རིག་གཞུང་ལས་རིགས་ཀྱི་ཐུན་མོང་ངོས་འཛིན་རང་བཞིན་གྱི་ཞིབ་འཇུག་གྲུབ་འབྲས་བཅས་ཕྱོགས་ཡོངས་ནས་མཚོན་ཡོད། 《རགས་གླེང》ནང་སློབ་གསོའི་ཆོས་ཉིད་སྲུང་བརྩི་ཞུ་རྒྱུ་མཐའ་འཁྱོངས་དང་། སློབ་ཁྲིད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ། གཞོན་ནུ་སློབ་མ་ཚོའི་ངེས་ཤེས་ཀྱི་ཁྱད་ཆོས་དང་དང་ལེན་གྱི་གོམས་གཤིས་དང་ཉེ་བཅར་ལ་མཐོང་ཆེན་བཅས་བྱས་པ་དང་། དེ་ཐོག་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་མི་སྐྱོང་བླང་བྱ་མཚོན་ཡོད། སློབ་གཞི་རྩོམ་འབྲིའི་བརྒྱུད་རིམ་ནང་རིགས་པའི་གཞུང་ལུགས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། འཐབ་ཕྱོགས་དང་པོའི་གཞོན་དར་རྐང་འཛིན་དགེ་རྒན་རྒྱ་ཁྱབ་ངང་ཞུགས་ཡོད་པ་དང་། མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་གཞུང་ལས་ཁང་གིས་ཞིབ་ཕྲའི་སྒྲིག་འཛུགས་ལས་དོན་གྱི་འགན་ཁུར་ཡོད་པ་རེད།