དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས།

    ཚན་རྩལ་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རམ་འདེཌ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-29

    ཟླ་8ཚེས་12ཉིན་གྱི་ཉིན་དགུང་དུ། བེ་ཤ་བླུགས་པའི་མི་མེད་གནམ་གྲུ་གཉིས་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་གྲོང་ཚོའི་ཉེ་འགྲམ་གྱི་རི་གསེབ་ནས་སྐར་མ་ཁ་ཤས་འཕུར་རྗེས། རི་འདབས་ཀྱི་ཧྲུན་ཧྥེང་མྱུར་སྐྱེལ་བསྡུ་ལེན་ས་ཚིགས་སུ་འབྱོར་ཞིང་། གྲོང་མི་ཚོས་བེ་ཤ་དེ་དག་བླངས་ནས་ཐད་ཀར་ཧྲུན་ཧྥེང་མྱུར་སྐྱེལ་བར་སྤྲད་རྗེས། ཧྲུན་ཧྥེང་མྱུར་སྐྱེལ་གྱི་གྲང་ཕྲེང་རླངས་འཁོར་བརྒྱུད་གནམ་ཐང་དུ་དབོར་ཏེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་སྐྱེལ་གྱི་ཡོད།

    མཚོ་མགོ་གྲོང་ཚོའི་གྲོང་མི་པད་མ་གུ་རུས“བེ་ཤའི་སྐྱེ་འཚར་ཁོར་ཡུག་གི་ཆ་རྐྱེན་མཐོ་ལ་འཐུ་ཁག་ཙམ་ཡོད་པས། ང་ཚོས་སྔ་པོ་ནས་རི་མགོར་འཐུ་བར་འགྲོ་དགོས་ཀྱི་ཡོད། སྔོན་ཆད་མི་མེད་གནམ་གྲུ་མེད་པས། ཉིན་རེར་ཐེངས་གཉིས་ལས་དབོར་ཐུབ་ཀྱི་མེད། ད་ཆ་མི་མེད་གནམ་གྲུ་ཡོད་པས་ཉིན་རེར་ཐེངས་གསུམ་བཞི་ཙམ་དབོར་ཐུབ་པས་ལས་བཟོད་ཡང་ལ་ཡོང་འབབ་ཀྱང་མང་དུ་ཕྱིན་འདུག”ཅེས་བཤད།

    བེ་ཤར་དྲོད་ཚད་དང་གཤེར་ཚད་ཀྱི་ཤུགས་རྐྱེན་ཐེབས་སླ་བས། ཐུམ་སྒྲིལ་དང་དབོར་འདྲེན་བྱེད་སྐབས་ཡིད་གཟབ་ཆེན་པོ་བྱེད་དགོས། ཧྲུན་ཧྥེང་མྱུར་སྐྱེལ་གྱིས་བསྡུ་ལེན་ས་ཚིགས་རི་ཁྲོད་དང་མུ་ཁར་བཙུགས་ནས། ཆེད་ལས་ཀྱི་ཐུམ་སྒྲིལ་བརྒྱབ་སྟེ། བེ་ཤ་འཐུ་བ་ནས་ཉོ་ཚོང་དང་། ཟོག་འགྲེམས། གཡོས་སྦྱོར་བཅས་བར་གྱི་འབྲེལ་ཐག་ཡོངས་ཀྱི་སྤུས་ཚད་ལ་འགན་ལེན་བྱས་ཡོད་ལ། བེ་ཤ་འཐུ་སྐབས་དེ་བས་ལས་སླ་བ་དང་། སྟབས་བདེ་བ། བདེ་འཇགས་ལྡན་པ་བཅས་ཀྱང་ཡོང་བར་བྱས་ཡོད།

    “ཧྲུན་ཧྥེང་མྱུར་སྐྱེལ་གྱིས་ཚན་རྩལ་གྱི་དངོས་ཤུགས་ལ་བརྟེན་ཏེ་བེ་ཤ་རི་ནས་དབོར་སྐབས་སོས་པ་ཡོང་ཐབས་ཀྱིས་མི་མེད་གནམ་གྲུ་བེད་སྤྱད་པས། མང་ཚོཌ་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་མི་དགོས་པར་བེ་ཤ་སོས་པ་འཐུ་ཐུབ་ཀྱི་ཡོད། ཚོད་རྩིས་བྱས་པ་བརྒྱུད། མི་མེད་གནམ་གྲུས་བེ་ཤ་དབོར་འདྲེན་བྱེད་པར་ལས་ཕྱོད་400%ཆེ་རུ་ཕྱིན་ཡོད་ལ། མང་ཚོགས་ཀྱི་ཡོང་འབབ་ཀྱང་200%ནས་300%བར་མང་དུ་ཕྱིན་ཡོད”ཅེས་ཧྲུན་ཧྥེང་མྱུར་སྐྱེལ་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།

    ཉིང་ཁྲི་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་གོ་མིན་གྱིས། མི་མེད་གནམ་གྲུར་བརྟེན་ནས་བེ་ཤ་དབོར་འདྲེན་བྱས་པས། ལས་ཕྱོད་ཆེ་རུ་ཕྱིན་ཡོད་ལ། མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ད་ཆ་ཉིང་ཁྲིའི་བེ་ཤའི་ཐོན་ལས་དེ་བོད་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་ལ། བེ་ཤ་སྦྲག་སྐུར་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྣེ་ཁྲིད་བྱས་ཏེ་ཐོན་མང་མཉམ་འདྲེས་ཐུབ་པ་དང་། ཉིང་ཁྲིའི་བེ་ཤའི་ཐོན་ལས་ཀྱི་རིན་ཐང་ཆེ་རུ་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་ཐབས་འཚོལ་ཞིབ་བྱེད་པ། ཉིང་ཁྲིའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།