དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པར་ཙིར་གྱི་མཁས་དབང་གིས་བརྗོད་དོན།

    འབོ་གསེར་མཉམ་ལས་ལམ་སྲོལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལྷོ་ཕྱོགས་ལྟ་སྟངས་ཀྱི་གཉིས་ཁེའི་རྣམ་པ་བཏོད་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-29

    པར་ཙིར་སྨི་ནཱ་སི་ཅི་ལཱ་སི་ཀྲོའུ་གནམ་བདག་ཆོས་ལུགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལའེ་ཨང་ནཱ་ཏུའོ·ལཱ་མོ་སིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས་འབོ་གསེར་མཉམ་ལས་ལམ་སྲོལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལྷོ་ཕྱོགས་ལྟ་སྟངས་ཀྱི་གཉིས་ཁེའི་རྣམ་པ་བཏོད་ཡོད། ལམ་སྲོལ་དེ་གོ་ལ་ཧྲིལ་པོའི་གསར་དར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་གི་གདམ་ག་གལ་ཆེན་ཞིག་ཡིན་པ་ར་འཕྲོད་ཐུབ་ཡོད་ཅེས་བརྗོད་ཡོད།

    ལཱ་མོ་སིས། འབོ་གསེར་མཉམ་ལས་ལམ་སྲོལ་གྱི་ཤུགས་རྐྱེན་ཐེབས་ཤུགས་དེ་འབོ་གསེར་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ལས་བརྒལ་ནས་འབོ་གསེར་རྒྱལ་ཁབ་དང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་གཞན་དག་དབར་གྱི་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། “འབོ་གསེར་གྱི་མཉམ་ལས་བྱེད་སྟངས་དང་རྒྱལ་ཁབ་ཆེན་པོའི་འགྲན་རྩོད་བྱེད་སྟངས་མི་འདྲ་བས་དེའི་གཉིས་ཁེའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་གནས་ལ། དེ་ཡང‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས’རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་ལ་བཅངས་པའི་བསམ་འདུན་ཞིག་ཀྱང་རེད”ཅེས་བརྗོད།

    ལཱ་མོ་སིས་ལྷོ་ལྷོ་མཉམ་ལས་བརྒྱུད་རིམ་དང་འབྲེལ་བ་དམ་ཟབ་ཡོད་པའི་ལམ་སྲོལ་ཞིག་ཡིན་པའི་ངོས་ནས་འབོ་གསེར་མཉམ་ལས་ལམ་སྲོལ་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།

    ཁོང་གིས་འབོ་གསེར་མཉམ་ལས་ལམ་སྲོལ་གྱིས་དེ་བས་དྲང་གཞག་དང་དེ་བས་བསྟུན་མཁས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་གོ་སྐབས་མཁོ་འདོན་བྱས་ཡོད། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་འདྲ་མཉམ་ཕན་འབྲས་དང་། དོ་སྙོམས་ཀྱི་ཕྱོགས་མང་མ་ལག་འཛུགས་སྐྱོང་འཚོལ་ཞིབ་བྱ་རྒྱུའི་ཐད་འབོ་གསེར་རྒྱལ་ཁབ་ཀྱིས་ནུས་པ་གལ་ཆེན་འདོན་རྒྱུ་རེད་ཅེས་བརྗོད། ཁོང་གིས་ས་འབྲེལ་ཆབ་སྲིད་ཀྱི་ཐད་ནས་བལྟས་ཚེ་འབོ་གསེར་མཉམ་ལས་ལམ་སྲོལ་ལས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་གལ་ཆེའི་རང་བཞིན་མངོན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།