དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གློག་ཤུགས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    མངའ་རིས་ས་ཁུལ་དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་ཆུང་ངུ་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཟིན་ཞིང་། ཉེ་བའི་ལོ་ཤས་རིང་དར་ཆེན་གྱི་ཡུལ་སྐོར་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་གློག་མཁོ་འདོན་ཞབས་ཞུའི་དགོས་མཁོ་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    དེ་སྔ་དར་ཆེན་གྲོང་རྡལ་དུ་འོད་ཤུགས་གློག་ཁང་གཅིག་གིས་གྲོང་རྡལ་དེའི་གྲོང་མིའི་གློག་གི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད། གློག་ཤུགས་བརྟན་པོ་མེད་པའི་རྐྱེན་གྱིས་གྲོང་མིའི་རྨང་གཞིའི་གཞི་རྩའི་གློག་སྒྲོན་གྱི་དགོས་མཁོ་སྐབས་རེ་སྐོང་ཐུབ་ཀྱི་མེད། མངའ་རིས་ས་ཁུལ་དུ་དྲ་སྦྲེལ་ལས་གྲྭ་སྤྱོད་འགོ་ཚུགས་རྗེས་དེ་ཁུལ་དུ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཞིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་ཆན་ཧྥུའུ་35ཟིན་པའི་དར་ཆེན་གློག་སྒྱུར་ས་ཚུགས་1གསར་དུ་བསྐྲུན་པ་མ་ཟད། ད་དུང་ཆན་ཧྥུའུ་10ཟིན་པའི་སྐུད་ལམ་མང་དུ་བཏང་ཡོད། མིག་སྔར། དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་གྱི་གློག་སྤྱོད་ཐེམ་དུད་ཚང་མའི་གློག་ཐེག་ཚད་ཆན་ཝ་1580ཟིན་ནས་དུད་ཚང་1198ཀྱི་ཡུལ་མི་ཚང་མས་གློག་ཡག་པོ་སྤྱོད་ཐུབ་པ་བྱུང་ཡོད་པ་རེད།

    “གློག་སྤྱོད་པ”ནས“གློག་ཡག་པོ་སྤྱོད་པའི”བར་རྫོགས་མཐའ་མེད་པའི་གློག་ཤུགས་ལས་དར་ཆེན་གྲོང་རྡལ་གྱི་ཡུལ་སྐོར་ལས་རིགས་དེ་བས་འཕེལ་རྒྱས་ཤུགས་ཆེན་བྱུང་་ཡོད། དེ་ལས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད་ལ། ས་གནས་དེ་གའི་ཡུལ་མིའི་ལས་ཞུགས་ཀྱི་དཀའ་གནད་དེ་བས་སེལ་རོགས་བྱས་ཡོད། སྤུ་ཧྲེང་རྫོང་གི་མང་ཚོགས་ཟླ་བའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན“ངའི་ངོས་ནས་བརྗོད་ན་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དེས་ཡོང་འབབ་གསོག་ཐུབ་པ་མ་ཟད། ད་དུང་ནང་མིར་ལྟ་རྟོག་བྱེད་ཐུབ་པས་ང་རང་ཧ་ཅང་བློ་ཡིད་ཚིམ་པོ་བྱུང”ཞེས་བརྗོད་པ་དང་། དར་ཆེན་གྲོང་རྡལ་དུ་ཟླ་བ་དང་འདྲ་བར་གསར་དར་ཐོན་ལས་ལ་བརྟེན་ནས་འབབ་འཕར་བྱུང་བའི་ཡུལ་མི་མང་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།