དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རིག་ནུས་ཁང་ཁྱིམ་གྱི་འཕེལ་རྒྱས་མྱུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-28

     འདི་ནི་ལྟ་སྐོར་བས་ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་དང་འཛད་སྤྱོད་གློག་རྡུལ་གྱི་དངོས་མང་སྟོན་ཚོགས་འཚོག་ཡུལ་དུ་རིག་ནུས་ཁང་ཁྱིམ་གྱི་ཐོན་རྫས་གསར་པར་ལྟ་བཞིན་པ།

    ཀྲུང་གོ་གོ་ལ་ཧྲིལ་པོའི་རིག་ནུས་ཁང་ཁྱིམ་གྱི་འཛད་སྤྱོད་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ནས་གོ་ལ་ཧྲིལ་པོའི་50%-60%བར་གྱི་ཁྲོམ་རའི་ཐོབ་སྐལ་བཟུང་ཡོད། མི་ཐབས་རིག་ནུས་ལག་རྩལ་དང་དེ་བཞིན་རིག་ནུས་ཁང་ཁྱིམ་གྱི་སྐྱེ་ཁམས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་རིག་ནུས་ཁང་ཁྱིམ་ཀྲུང་གོར་ཁྱབ་ཚད་མགྱོགས་མྱུར་འཕར་ཡོད།

    སྙན་སེང་ལས་མངོན་པར། ཚན་རྩལ་ཡར་རྒྱས་དང་དེ་བཞིན་སྤུས་ཀ་ལེགས་པའི་འཚོ་བའི་འཕེལ་ཕྱོགས་དང་བསྟུན་ནས་རིག་ལྡན་གཙང་འཁྲུད་དང་། རིག་ལྡན་བདེ་སྲུང། རིག་ལྡན་གཉིད་ཉལ་སོགས་ཀྱིས་མཚོན་བྱེད་དུ་བྱེད་པའི་རིག་ལྡན་ཁང་ཁྱིམ་ཐོན་རྫས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དེས་ཁང་ཁྱིམ་ཐོན་རྫས་ཀྱི་སྐྱེ་ཁམས་དང་གྲོང་མིའི་འཚོ་བའི་ཉམས་ལེན་ལ་འགྱུར་ལྡོག་གཏིང་ཟབ་བྱུང་སྟེ། རིག་ལྡན་ཁང་ཁྱིམ་ཁང་ཁྱིམ་ཐོན་ལས་འཕེལ་རྒྱས་བརྟན་པོ་དང་ལས་རིགས་ཀྱི་རྣམ་པར་འགྱུར་ལྡོག་འགྲོ་བའི་འགྱུར་ཚད་གལ་ཆེན་དུ་འགྱུར་གྱི་ཡོད།

    རིག་ནུས་ཁང་ཁྱིམ་གྱིས་འཚོ་བར་ཕན་བདེ་མི་ཉུང་བ་ཞིག་སྐྲུན་པ་ནི་ཁང་ཁྱིམ་ལས་རིགས་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་རེད། དཔལ་འབྱོར་སླར་གསོ་ཡོང་བ་དང་ཆབས་ཅིག་དེའི་འཕེལ་རྒྱས་མགྱོགས་མྱུར་འཕར་བའི་བགྲོད་ལམ་དུ་ཡང་བསྐྱར་སྐྱོད་ཀྱི་ཡོད། གཞན་ཡང་ཀྲུང་གོའི་འཛད་སྤྱོད་པས་བྱ་དངོས་གསར་པ་དང་ལེན་བྱེད་ནུས་ཡོངས་ཁྱབ་ངང་མཐོ་ཙམ་ཡོད་པ་དེའང་ཀྲུང་གོའི་རིག་ནུས་ཁང་ཁྱིམ་ལས་རིགས་འཕེལ་རྒྱས་ཀྱི་མདུན་ལྗོངས་ལེགས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།

    —— ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།