དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གྲོང་ཚོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར”གྱིས་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-28

     ཟླ་7ཚེས་29ཉིན་ཀུའེ་ཀྲོའུ་རུང་ཅང་དང་མེ་ཤང་གྲོང་ཚོར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱས་ཤིང་། འདི་ནི་ཟླ་7ཚེས་29ཉིན“གྲོང་ཚོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར”གྱི་ཨང་དང་པོ་ཐོབ་པའི་ཁྲེ་ཅང་གྲོང་ཚོ་དང་པོའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་བྱ་དགའི་བུམ་པ་དང་བྱ་དགའ་སྟོན་བཞིན་པ།

    འདས་ཟིན་པའི་ཟླ་བ་གཉིས་ནང་ཀྲུང་གོའི་ལྷོ་ནུབ་རྒྱུད་ཀྱི་ཀུའེ་ཀྲོའུ་ཞིང་ཆེན་རུང་ཅང་རྫོང་དུ་གཉེར་བའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་རྒྱལ་ཡོངས་ཀྱིས་དོ་ཁུར་བྱས་ནས་ས་གནས་དེ་གར་སྔར་འབྱུང་མྱོང་མེད་པའི་རྒྱལ་ནང་གི་ཡུལ་སྐོར་བའི་ཚ་རླབས་ཤིག་འཕྱུར་ཡོད། འདི་ལོའི་ཟླ་5པར་རྒྱལ་ཡོངས་ས་གནས་ཁག་གི་མི་ཐེངས་ཁྲི་100རུང་ཅང་དུ་སླེབས་ནས་མཛེས་མཐུན་གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་བལྟས་ཡོད། འགྲན་བསྡུར་གཉེར་འགོ་ཚུགས་པ་ནས་བཟུང་དྲ་ཐོག་ཏུ་ལྟ་ཐེངས་དུང་ཕྱུར་200ལྷག་ཙམ་ཟིན་ཡོད།

    ཡུལ་སྐོར་བ་མང་དུ་ཕྱིན་པ་དེས་ས་གནས་དེ་གའི་དཔལ་འབྱོར་ལ་ཕན་པ་ཆེན་པོ་ཐོབ་ཡོད། ཡུལ་སྐོར་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་གྲོང་གསེབ་ས་ཁུལ་དུ་བསྐྱོད་ནས་ས་གནས་དེ་གའི་ཁྱད་ལྡན་ཞིམ་ཟས་ལོངས་སུ་སྤྱོད་པ་དང་གྲོང་མིའི་ཁྱིམ་དུ་གནས་ཚང་གཡར་བ་མ་ཟད། རྫོང་དེའི་གྲངས་ཉུང་མི་རིགས་མང་ཚོགས་དང་སྤེལ་རེས་བྱེད་རིང་ས་གནས་དེ་གའི་རིག་གནས་ཤེས་རྟོགས་ཀྱང་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། “གྲོང་ཚོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར”གཉེར་བ་ནས་ཟླ་7ཚེས་23ཉིན་བར། རུང་ཅང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་250ལྷག་ཙམ་གྱི་ཡིད་དབང་བཀུག་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་28.39བྱུང་ཡོད་པ་རེད།

    —— སིང་ཀ་ཕོར་གྱི《མཚོ་འགག་སྐབས་དོན་ཚགས་པར》དུ་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།