དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་བྱ་ཐབས་སྣ་མང་བཏོན་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-28

     ཁྲང་ཁྲུན་རྒྱལ་སྤྱིའི་རླངས་འཁོར་དངོས་མང་སྟོན་ཚོགས་སྐབས་20པ་ཅི་ལིན་ཁྲང་ཁྲུན་དུ་འཚོགས་ཤིང་། སྤུས་རྟགས་ཁག་གི་ནུས་རྒྱུ་གསར་པའི་རླངས་འཁོར་100ལྷག་ཙམ་འགྲེམས་སྟོན་བྱས་པར་འཛད་སྤྱོད་པའི་དོ་ཁུར་ཐོབ་ཡོད། འདི་ནི་ལྟ་སྐོར་བས་ཁྲང་ཁྲུན་རླངས་འཁོར་དངོས་མང་སྟོན་ཚོགས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་ཞིག་ལ་ལྟ་བཞིན་པ།

    ཉེ་ཆར། ཀྲུང་གོས་རླངས་འཁོར་དང་གློག་རྡུལ་ཐོན་རྫས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་དམིགས་པའི་བྱ་ཐབས་ཁྱབ་བསྒྲགས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཚུད་པའི་སྲིད་གཞུང་སྒྲིག་གཞི་13གྱིས་མཉམ་དུ་གསལ་བསྒྲགས་སྤེལ་ནས་ས་གནས་ཁག་གིས་ལོ་འཁོར་གྱི་རླངས་འཁོར་ཉོ་བའི་དམིགས་ཚད་མཐོ་རུ་གཏོང་བར་ལྕག་སྐུལ་དང་ཉིས་བརྒྱུད་རླངས་འཁོར་ཕྱིར་ཚོང་ལ་རྒྱབ་སྐྱོར་བྱས་ཡོད། རླངས་འཁོར་ལས་རིགས་ནི་འཛད་སྤྱོད་ལ་འདེགས་སྐྱོར་དང་དཔལ་འབྱོར་འཕར་བའི་འགག་རྩའི་འདེགས་སྐུལ་དུ་གྱུར་ཡོད། འདི་ལོའི་ཟླ་6པར། ཀྲུང་གོས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་2027ལོ་བར་རིང་དུ་བཏང་བ་རེད།

    གཞན་ཡང་། གློག་རྡུལ་ཐོན་རྫས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་གསལ་བསྒྲགས་གཞན་ཞིག་ཏུ། ས་གནས་ཁག་གིས་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་ཁྲོམ་རའི་བྱེད་པོར་མི་ཐབས་རིག་ནུས་ལག་རྩལ་ཧུར་ཐག་སྤྱད་དེ་གློག་རྡུལ་ཐོན་རྫས་ཀྱི་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ལྕག་སྐུལ་བྱེད་དགོས་པ་བཏོན་ཡོད།

    —— ལུའུ་ཐོའུ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།