དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གྲོང་ཁྱེར་གྱི“སྤྲོ་སྣང་ལྡན་པའི་ཞབས་བྲོ”ཡིས་སྤྱི་དམངས་ཀྱི་གཟུགས་གཞི་ཐང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-28

     འདི་ནི་མི་རྣམས་ཀྱིས་ཤིན་ཅང་ཝུའུ་ལུའུ་མུའུ་ཆིའི་ནན་ཧུའུ་གྲོང་མིའི་ཐང་ཆེན་དུ་ཐང་ཆེན་ཞབས་བྲོ་འཁྲབ་བཞིན་པ།

    ཀྲུང་གོར་གསོན་ཤུགས་ཀྱིས་ཁེངས་པའི་ཐང་ཆེན་ཞབས་བྲོའི་རིག་གནས་གང་སར་ཁྱབ་ཅིང་། སྐྱ་རེངས་དང་ས་སྲོད་ཀྱི་མཚམས་སུ་རྒན་ཡོལ་ཞུས་པའི་མི་མང་པོ་མཉམ་འཛོམས་ཀྱིས་རོལ་དབྱངས་དང་འགྲོགས་ནས་ལུས་སྦྱོང་བྱེད་ཀྱི་ཡོད། དུས་རྒྱུན་དུ་གསོ་རླུང་ལྡན་པའི་མཉམ་སྡེབ་ལུས་རྩལ་དེ་རིགས་ཀྱིས་སྤྱི་དམངས་ཀྱི་བདེ་ཐང་ལ་ཕན་ཆེན་པོ་ཐོགས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོར་དགའ་བསུ་ཆེ་ཤོས་ཐོབ་པའི་ཐང་ཆེན་ཞབས་བྲོའི་ལུས་སྦྱོང་ལུས་རྩལ་གྱི་གྲས་ཤིག་སྟེ“སྤྲོ་སྣང་ལྡན་པའི་ཞབས་བྲོ”ཧེ་ལུང་ཅང་ཞིང་ཆེན་དུ་དར་ཁྱབ་ཆེན་པོ་བྱུང་ཡོད། གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་པ་ནས་ལག་པ་གཡུག་སྟངས་བར་ཅ་མུའུ་སིའི“སྤྲོ་སྣང་ལྡན་པའི་ཞབས་བྲོའི”ལུས་སྦྱོང་ལུས་རྩལ་ལ་ཞུགས་མཁན་ཚོས་སྒུལ་སྟངས་སྣ་ཚོགས་ལ་བརྟེན་ནས་ཞབས་བྲོ་འཁྲབ་ཀྱི་ཡོད། “ང་ཚོའི་ལྟ་བ་ནི་སྦྱོང་བརྡར་བྱེད་པ་ནི་བདེ་ཐང་དང་སྤྲོ་སྣང་ལྡན་ཆེད་ཡིན”ཞེས་ཞབས་བྲོ་འདི་གསར་རྩོམ་བྱེད་མཁན་ཡུས་ཅི་ཁྲེང་གིས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་གྲོང་ཁྱེར་གཞན་དག་གིས“སྤྲོ་སྣང་ལྡན་པའི་ཞབས་བྲོའི”ལུས་སྦྱོང་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་དང་། རྒྱུན་དུ་སྦྱོང་བརྡར་འདིར་ཞུགས་མཁན་ཁོངས་མིས་རང་ཉིད་སྔོན་ཆད་ལས་གཟུགས་གཞི་ཐང་དུ་ཕྱིན་འདུག་ཅེས་བརྗོད།

    —— སིང་ཀ་ཕོར་གྱི་ཨེ་ཤེ་ཡའི་གསར་འགྱུར་བརྙན་འཕྲིན་ཁང་གི་དྲ་བར་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།