ཀྲུང་གོའི་ཡང་བསྐྱར་སྐྱེ་ཆོག་པའི་ནུས་རྒྱུའི་འཕེལ་རྒྱས་མྱུར་བ།
འདི་ནི་ཟླ་7ཚེས་24ཉིན། ཅང་ཤིས་ཞིང་ཆེན་ཅི་ཨན་གྲོང་ཁྱེར་སུའེ་ཁྲོན་རྫོང་དང་ཀན་ཀྲོའུ་གྲོང་ཁྱེར་ཧྲང་ཡའོ་རྫོང་གི་འབྲེལ་མཚམས་སུ་ཡོད་པའི་རླུང་གློག་འཕྲུལ་ཚན་ཡིན་པ།
2022ལོའི་ཟླ་9པར་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་ཀྱི་འགྱུར་ལྡོག་ཚོགས་འདུར་བཙོག་འབུད་ཉུང་གཏོང་གི་འགན་འཁྲི་འཁུར་བའི་ཁས་བླངས་པ་རེད། ཉེ་ཆར་ཚོགས་འདུ་ཞིག་ལ་ཀྲུང་གོའི་འགོ་ཁྲིད་པས་ནུས་རྒྱུའི་སྲིད་ཇུས་ཀྱི་གཙོ་གནད་དེ་བས་ཐཱན་འབུད་ཉུང་གཏོང་ཐད་འཇོག་དགོས་པའི་རེ་འབོད་བྱས་པ་རེད།
ཀྲུང་གོའི་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་གློག་སྒུལ་ཅན་གྱི་མྱུར་ཚད་གོ་ལ་ཧྲིལ་པོར་ཨང་དང་པོ་ཡིན་ཞིང་། ལོ་ཤས་གོང་། ཀྲུང་གོས་གློག་སྒུལ་རླངས་འཁོར་གྱི་ཆ་བཅད་ལམ་ལུགས་ནང་འདྲེན་བྱས་ཡོད། ལམ་ལུགས་དེ་རླངས་འཁོར་བཟོ་མཁན་ལ་རླངས་འཁོར་ཐོན་ཚད་ལས་གློག་སྒུལ་རླངས་འཁོར་གྱི་བསྡུར་ཚད་ཇེ་མཐོར་གཏོང་བའི་འོས་འགན་ཡོད། མི་འབོར་ཁྲི་སྟོང་ཡན་ཟིན་པའི་ཀྲུང་གོའི་གྲོང་ཁྱེར་ཆེ་གྲས་ཁ་ཤས་ཀྱི་སྤྱི་སྤྱོད་རླངས་འཁོར་སྤྱིར་ན་གློག་སྒུལ་ཅན་དུ་གྱུར་ཡོད།
དེ་དང་ཆབས་ཅིག་ཀྲུང་གོས་ནུས་རྒྱུ་གཙང་མའི་གློག་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་བཞིན་ཡོད། གྲངས་གཞི་ལས་མངོན་པར། སོལ་གློག་གིས་ཀྲུང་གོའི་གློག་གཏོང་བའི་ཁྲོད་བཟུང་བའི་བསྡུར་ཚད་2000ལོའི་78%ནས་2022ལོའི་61%ཙམ་བར་ཆག་ཡོད། འོད་གློག་དང་རླུང་གློག་གིས་སོལ་གློག་གི་བསྡུར་ཚད་དམའ་རུ་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། 2022ལོར་གློག་གཏོང་ཚད་2015ལོའི་ལྡབ་5ཡིན་པ་དེས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་13.5%ཙམ་བཟུང་ཡོད། ཀྲུང་གོའི་འོད་གློག་དང་རླུང་གློག་གི་གློག་འདོན་འཕྲུལ་འཁོར་གསར་པ་ནས་གློག་འདོན་ཚད་རྒྱལ་ཁབ་གཞན་ལས་བརྒལ་ཡོད། 2022ལོར་ཀྲུང་གོའི་གསར་འཕར་འོད་ཤུགས་གློག་ཁང་གི་གློག་འདོན་འཕྲུལ་འཁོར་གསར་པ་ནས་གློག་གཏོང་ཚད་ཅི་ཝ་90ཙམ་ཟིན་པ་དང་གསར་འཕར་རླུང་གློག་གི་གློག་འདོན་འཕྲུལ་འཁོར་གསར་པ་ནས་གློག་གཏོང་ཚད་ཅི་ཝ་37ཙམ་ཟིན་ཡོད།
—— འཇར་མན་གྱི《གཞོན་ནུའི་འཛམ་གླིང་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།