དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དིང་རི་རྫོང་དུ་སྒལ་ཚིགས་འཁྱོག་པའི་ནད་པར་སྨན་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-28

    ཉེ་ཆར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་དང་བླངས་ཞབས་ཞུའི་རྣམ་གྲངས“བོད་ཀྱི་བྱིས་པར་གཅེས་སྐྱོང་བྱེད་པའི”བྱིས་པའི་སྨན་བཅོས་རོགས་སྐྱོབ་འཆར་གཞིའི་དང་བླངས་ཚོགས་པས་པེ་ཅིང་ཁྲའོ་དབྱང་སྨན་ཁང་གི“ཏ་ཧའེ་རུས་ཚིགས་སྨན་བཅོས་བྱ་སྤྱོད”ཀྱི་སྨན་བཅོས་ཚོགས་པ་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་བསྐྱོད་ནས་སྒལ་ཚིགས་འཁྱོག་པའི་ནད་པར་སྨན་བཅོས་བྱས་པ་རེད།

    ཟླ་8ཚེས་21ཉིན་ནས་བཟུང་། དིང་རི་རྫོང་མི་དམངས་སྨན་ཁང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སྒལ་ཚིགས་འཁྱོག་པའི་ནད་པར་ཡོངས་བཤེར་བྱེད་སྐབས་སྒལ་ཚིགས་འཁྱོག་པའི་ནད་པ་100ལྷག་ཙམ་ཤེས་རྟོགས་བྱུང་བ་རེད། བྱེད་སྒོ་སྤེལ་སར་སྨན་བཅོས་ཚོགས་པས་ས་གནས་ས་ཐོག་ཏུ་ནད་དེབ་70ལྷག་ཙམ་ལ་བརྟག་དཔྱད་བྱས་པ་དང་། སྨན་བཅོས་ཐུབ་པའི་ནད་པ་40གདམས་ནས། ཆེད་ལས་རང་བཞིན་གྱི་སྨན་བཅོས་ཇུས་གཞི་བཟོས་པ་དང་འབྲེལ་སྨན་པ་དང་ནད་པའི་འབྲེལ་གཏུག་དྲ་རྒྱ་བཙུགས་པ་རེད། རྗེས་ལ་རྫོང་མི་དམངས་སྨན་ཁང་གིས་རྒྱུན་མཐུད་རྗེས་སྙེག་སྨན་བཅོས་བྱེད་རྒྱུ་རེད། ད་ཐེངས་འོས་འགན་སྨན་བཅོས་བྱས་ནས་སྨན་བཅོས་ཐུབ་པའི་ནད་པའི་ནང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ནད་པའི་གཤག་བཅོས་ལ་ཡུལ་ཤུལ་ཀྲོའུ་རེ་བ་དགེ་སྒྲུབ་ཚོགས་པས་ཚད་གཞི་ལྟར་རོགས་སྐྱོར་བྱེད་པ་དང་དགེ་སྒྲུབ་བྱ་གཞག་ཐེབས་རྩ་ལྷན་ཚོགས་ཀྱིས་འཚོ་བའི་འགྲོ་གྲོན་གྱི་ཁ་གསབ་དང་སྨན་བཅོས་བྱེད་རིང་སེམས་ཁུར་དང་རོགས་རམ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།