དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་ཧྭ་ཡི་ཞིམ་ཟས། བོད་ལྗོངས་ཀྱི་བྲོ་བ་ཞེས་པའི“ལྗགས་སྨིན་ཞིམ་ཟས”རྒྱུན་འཛིན་དང་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་ལྷ་སའི་གྲ་སྒྲིག་འགྲན་བསྡུར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-28

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཀྲུང་ཧྭ་ཡི་ཞིམ་ཟས། བོད་ལྗོངས་ཀྱི་བྲོ་བ་ཞེས་པའི“ལྗགས་སྨིན་ཞིམ་ཟས”རྒྱུན་འཛིན་དང་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་ལྷ་སའི་གྲ་སྒྲིག་འགྲན་བསྡུར་ཚེས་26ཉིན་སྣེའུ་ཁུལ་གསར་རུང་ཡའོ·ལྷ་ས་INརུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

    གྲ་སྒྲིག་འགྲན་བསྡུར་ནང་ཁྱོན་བསྡོམས་རུ་ཁག་12ཞུགས་ཡོད་པ་དང་། འགྲན་ཞུགས་བདམས་ཐོན་པ་ནི་ཡུལ་དེའི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་། ཁྱད་ལྡན་བཟའ་བཏུང་། ཁྱད་ལྡན་ཞིང་ཁྱིམ་སྤྲོ་སྐྱིད་ཁང་བཅས་ཀྱི་མ་བྱན་ཡིན་པ་རེད།

    ད་རེས་ཀྱི་འགྲན་བསྡུར་ཆེ་མོའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་ཁྱད་ལྡན་བཟའ་བཏུང་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། འགྲན་བསྡུར་ལས་སྟེགས་སུ་བྱས་ནས་བོད་ཀྱི་ཞིམ་ཟས་འོས་སྦྱོར་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་བཟའ་བཏུང་འཛད་སྤྱོད་མང་དུ་འགྲོ་བར་སྔར་བས་སྐུལ་ཁྲིད་དང་། ལྗོངས་ཡོངས་ཀྱི་བཟའ་བཏུང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།