དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལོ་སྟོད་དུ་བོད་ལྗོངས་དངུལ་ཁང་ལས་རིགས་ཀྱི་ཉེན་ཁའི་ལྟ་འདོམས་དམིགས་ཚད་གཙོ་བོ་ལུགས་མཐུན་བར་མཐོངས་སུ་གནས་པ།

    དངུལ་ཁང་ལས་རིགས་ཀྱིས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-27

     ཉིན་ཤས་གོང་། གསར་འགོད་པས་རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་བོད་ལྗོངས་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ལོ་སྟོད་དུ་བོད་ལྗོངས་དངུལ་ཁང་ལས་རིགས་ཀྱི་ཉེན་ཁའི་ལྟ་འདོམས་དམིགས་ཚད་གཙོ་བོ་ལུགས་མཐུན་གྱི་བར་མཐོངས་སུ་གནས་ཡོད། ཟླ་6པའི་ཟླ་མཇུག་བར། བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་6888.92ཟིན་ནས་དུས་མཚུངས་ལས་7.96%འཕར་ཡོད། བཅོལ་དངུལ་ཁག་གི་ལྷག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་4541.24ཟིན་ནས་དུས་མཚུངས་ལས་13.19%འཕར་ཡོད། དངུལ་བུན་ཁག་གི་ལྷག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་5816.67ཟིན་ནས་དུས་མཚུངས་ལས་8.4%འཕར་བ་དང་དངུལ་བུན་འཕར་ཚད་ན་ནིང་གི་དུས་མཚུངས་ལས་ལྡབ་2ཟིན་ཡོད།

    ཕྲན་ཚེགས་ཁེ་ལས་ལ་དངུལ་རྩས་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་རྒྱག་པའི་ཐད། རང་ལྗོངས་ཀྱི་དངུལ་ཁང་སྒྲིག་གཞིས་ཕྲན་ཚེགས་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་ལ་སྐུལ་འདེད་གཏོང་བའི་ཐད“འཕར་བ་གཉིས”དང་། “ལེགས་པ་གཅིག” “བརྟན་པོ་གཅིག”བཅས་ཀྱི་དམིགས་ཚད་སྤྱིའི་ཆ་ནས་མངོན་འགྱུར་བྱུང་ཡོད། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཕྲན་ཚེགས་ཀྱི་དངུལ་རྩའི་ཞབས་ཞུའི་གྲུབ་ཆ་བཟང་སྒྲིག དངུལ་རྩའི་དཀའ་སེལ་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བཅས་བྱས་པར་བརྟེན“དངུལ་བུན་གཡར་ཕོད་པ་དང་གཡར་འདོད་པའི”ཕྲན་ཚེགས་དངུལ་རྩའི་ཞབས་ཞུའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། ཕྲན་ཚེགས་ཁེ་ལས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་རྒྱུག་མ་གནས་གཅོག་པར་སྐུལ་མ་ཐེབས་ཡོད། ཟླ་དྲུག་པའི་ཟླ་མཇུག་བར། ཀུན་ཕན་རྣམ་པའི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་305.28ཟིན་ནས་དུས་མཚུངས་ལས་33.60%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།