ངོ་རྒོལ་དྲག་པོར་མི་བལྟོས་པར་རི་པིན་གྱིས་ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་འགོ་བཙུགས་པ།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱེད་པར་མི་བལྟོས་པར། ཚེས་24ཉིན་རི་པིན་གྱིས་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་འགོ་བཙུགས་པ་རེད། ཉིན་དེའི་སྔ་དྲོར་དམངས་ཚོགས་ཀྱིས་ཐོ་ཁེའོ་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་པུའི་མདུན་དུ་ཛ་དྲག་ངང་འཛོམས་ནས་རི་པིན་སྲིད་གཞུང་དང་ཐོ་ཁེའོ་གློག་ཤུགས་ཀུང་སིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་འགོ་བཙུགས་པར་རྒོལ་གཏམ་བཏང་བ་རེད། འདི་ནི་ཟླ་8ཚེས་24ཉིན་པར་བླངས་པའི་རི་པིན་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོ་ཡིན་པ།