དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཅིབ་ཀྱི་ཙུང་ཐུང་གིས་བརྗོད་དོན།

    “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་འབོད་སྒྲ་ཆེ་རུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-08-26

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་8ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱིས་ཨེ་ཅིབ་འབོ་གསེར་མཉམ་ལས་ལམ་སྲོལ་ནང་ཞུགས་རྒྱུར་གདན་དྲངས་པར་བསྔགས་བརྗོད་བྱས་པ་རེད། ཨེ་ཅིབ་ཀྱིས་ད་ཡོད་ཀྱི་འབོ་གསེར་ཁོངས་མི་དང་ཁོངས་མི་གསར་པ་དང་མཐུན་སྦྱོར་མཉམ་ལས་བྱས་ཏེ། ཁོངས་མིའི་དབར་གྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ནས། འཕྲད་པའི་གནད་དོན་དང་འགྲན་སློང་སྣ་ཚོགས་ཐད“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་འབོད་སྒྲ་ཆེ་རུ་བཏང་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཉིན་དེར་སའེ་ཤིས་ཀྱིས་ཨེ་ཅིབ་ཀྱི་ཙུང་ཐུང་ལས་ཤག་ཏུ་སྤེལ་བའི་གསལ་བསྒྲགས་ནང“ངས་འབོ་གསེར་རྒྱལ་ཁབ་ཀྱིས་ཨེ་ཅིབ་2024ལོའི་ཟླ་དང་པོར་འབོ་གསེར་མཉམ་ལས་ལམ་སྲོལ་ནང་ཞུགས་པར་གདན་ཞུ་བྱ་རྒྱུའི་གཏན་འབེབས་ལ་མཐོང་ཆེན་བྱེད་ཀྱི་ཡོད། འབོ་གསེར་རྒྱལ་ཁབ་དང་ང་ཚོའི་དབར་འབྲེལ་བ་ཡག་པོ་ཡོད་པས་ང་ཚོས་འབོ་གསེར་རྒྱལ་ཁབ་ཚང་མས་ང་ཚོར་ཡིད་ཆེས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    ཚེས་22ནས་24ཉིན་བར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པ་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་འཚོགས་པ་རེད། ཚེས་24ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པའི་གསར་འགོད་པའི་དམིགས་བསལ་ཚོགས་འདུར་སོ་ཏི་ཨ་རབ་དང་། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨ་ཀེན་ཐིན། དབྱི་རན། ཨེ་ཙེ་ཨོ་ཕི་ཡ་བཅས་འབོ་གསེར་ཁྱིམ་ཚང་ཆེན་པོའི་ཁོངས་མིར་དངོས་སུ་གྱུར་པའི་ཁྱབ་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།