དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “དྲ་གཅིག་ཀུན་སྒྲུབ”དམངས་ཀྱི་སེམས་ཁྲལ་བསལ། ཞབས་ཞུ་ནུས་ལྡན་དམངས་འཚོར་ཕན་པ་བཏགས།

    —— ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི“དྲ་གཅིག་ཀུན་སྒྲུབ”འཛུགས་སྐྱོང་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-26

    “གསལ་ཐོ་རྣམ་པའི”སྒོ་ནས“གློད་སྡོམ་ཞབས་གསུམ”ལ་གཞི་གཅིག་ཅན་གྱི་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྒྱུར་བཅོས་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་ཀའི་གཙོ་གནད་ལ་དམིགས་པ། སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་ལྗོངས་ཡོངས་ཀྱི་དཔེ་མཚོན་གཏོད་པའི་ལས་ཀའི་བླང་བྱར་དམིགས་ཏེ། ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་ཞིབ་མཆན་དོན་ཚན་ཁུ་བསྡུ་དང་། ཞིབ་མཆན་དབང་ཆ་གཤམ་སྤྲོད། ཞིབ་མཆན་འགོད་སྟངས་གསར་གཏོད། ཞིབ་མཆན་གོ་རིམ་ཚད་ལྡན་བཅས་ཡོང་བར་བྱས་ནས་ལྷ་སའི་སྲིད་དོན་ཞབས་ཞུ་དྲ་བ་དང་། “གང་ཡང་སྒྲུབ”APP སྐད་འཕྲིན་བྱ་རིམ་ཆུང་གྲས། ལྷ་སའི་སྲིད་དོན་ཞབས་ཞུའི་སྐད་འཕྲིན་སྤྱི་རྟགས་བཅས་བཏོད་པ་བརྒྱུད། “གང་ཡང་སྒྲུབ”སྲིད་དོན་ཞབས་ཞུའི་སྤུས་རྟགས་བཏོད་པ་དང་ཞབས་ཞུ་སྟབས་བདེ་ཅན་དང་། རིག་ནུས་ཅན། སྤྱི་པའི་ཞབས་ཞུ་དམངས་ཕན་ཅན་བཅས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ཁེ་ལས་དང་མང་ཚོགས་ལ་བྱ་བ་སྒྲུབ་པར་སྟབས་བདེ་བསྐྲུན་ཡོད་པ་རེད།

    ཞིང་ཆེན་སྒྲོལ་བའི“དྲ་གཅིག་ཀུན་སྒྲུབ”ཀྱིས་ཁེ་ལས་དང་མང་ཚོགས་ལ་སྟབས་བདེ་བསྐྲུན་པ།

    ལྷ་ས་གྲོང་ཁྱེར་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱིས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་རྒྱུན་གཏན་ལས་སྒོ་གཉེར་བར་འདེགས་སྐྱོར་བྱེད་པ་དང་དུས་མཚུངས་ཁེ་ལས་དང་མང་ཚོགས་ལ་བྱ་བ་སྒྲུབ་པར་སྟབས་བདེ་བསྐྲུན་ཆེད། རང་སྐྱོང་ལྗོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་གཞི་རྩའི་སྦྲེལ་མཐུད་ཐུབ་པ་དཔེར་ན། དོན་ཚན་མཛོད་དང་། གཅིག་གྱུར་གྱི་ཐོབ་ཐང་བདེན་དཔང་ར་སྤྲོད། དཔྱད་འདེམས་ལེགས་ཉེས། གློག་རྡུལ་ལག་ཁྱེར་སོགས་ཀྱི་ནང་དོན་བསྡུ་སྒྲིལ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཐེལ་ཙེ་རྐོ་བཟོ་དང་། ཁྲོམ་ར་ལྟ་འདོམས་ཅུས་ཀྱི་རིག་ལྡན་སྨན། གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་སྲིད་དོན་དོ་དམ་མ་ལག གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་རིག་ལྡན་སྡོད་ཁང་དོ་དམ། གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ལག་ཐོགས་སྤྱི་ཚོགས་འགན་སྲུང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཕྱོགས་བསྡུས་ཉེར་སྤྱོད་ཞིབ་མཆན་མ་ལག་བཅས་སྦྲེལ་མཐུད་བྱས་ནས་ལས་སྒྲུབ་ཀྱི“གཅིག་གྱུར་འཇུག་སྒོ”དང“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ཉིན་མཚན་དབྱེར་མེད་ཀྱི“ཞིང་སྒྲོལ་ཀུན་སྒྲུབ”འཚོལ་ཞིབ་བྱས་ནས་བཏོད་དེ་སི་ཁྲོན་དང་། ཁྲུང་ཆིང་། ཅང་སུའུ། ཡུན་ནན། ཧྲན་ཤིས། ཧྲའན་ཤིས་སོགས་ཞིང་ཆེན་དང་གྲོང་ཁྱེར་12དང་གྲངས་གཞི་མཉམ་སྤྱོད་ཀྱི་ལམ་སྲོལ་བཙུགས་པ་དང་ཉིན་མཚན་དབྱེར་མེད་ཀྱི་རང་མོས་ཞབས་ཞུའི་ཁུལ“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་ལས་སྒོའི་ནང་ཁྲལ་དོན་དང་། འགྲིམ་འགྲུལ། སྤྱི་ཚོགས་འགན་སྲུང་སོགས་གཙོ་གནད་ཁྱབ་ཁོངས་ཚུད་ཡོད་པ་རེད། ཁྱད་ལྡན་ཁུལ་བཙུགས་ནས་སྲིད་དོན་ཞབས་ཞུ་དེ“རྒན་རབས་ཀྱི་སེམས་ཁུར”དང་།“རིག་ནུས་ཞབས་ཞུ”“གྲངས་འཛིན་སྲིད་དོན་ཁྲིད་སྟོན་ས་བཀྲ”སོགས་ཐད་ཀྱི་བཀོལ་སྤྱོད་འཚོལ་ཞིབ་བྱས་ཡོད་པ་རེད།

    ལག་ཐོགས་ཁ་པར་ནས་ལས་དོན་སྒྲུབ་བདེ་རུ་ཕྱིན་པ།

    “གང་ཡང་སྒྲུབ”APPནི་ལྷ་ས་གྲོང་ཁྱེར་གྱིས་བཏོད་པའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སྲིད་དོན་ཞབས་ཞུ་དང་ཚོང་གཉེར་ཁོར་ཡུག་གི་སྤུས་རྟགས་ཤིག་ཡིན་པ་དང་། དེས་མང་ཚོགས་ལ་དུས་ཚོད་དང་བར་མཐོངས་ཀྱི་ཚོད་འཛིན་མེད་པར་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་དང་ཐབས་ལམ་མང་པོ་དང་སྤུས་ཚད་མཐོ་བའི་ཞབས་ཞུ་ལོངས་སྤྱོད་ཐུབ་ལ། ལས་སྒོ་དང་། གཞི་གྲངས། བཀོལ་སྤྱོད། ལག་རྩལ་ནུས་པ་བཅས་ཀྱི་འདེགས་སྐྱོར་ལ་བརྟེན་ནས“1+2+3+N”སྟེ། སྟེགས་བུ་1དང་དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་2དང་། སྐད་འཕྲིན་སྤྱི་རྟགས་དང་། ལག་ཐོགས་ཁ་པར་གྱི་APP སྲིད་དོན་ཞབས་ཞུའི་དྲ་ཚིགས་བཅས་བཀོལ་སྤྱོད་མཐའ་སྣེ་3ཡོད་པའི་ཞབས་ཞུའི་སྲིད་དོན་ཞབས་ཞུའི་མ་ལག་Nཡོད་པ། “དྲ་ཐོག་ནས་སྒྲུབ་པ་དང་། འཕྲལ་མར་སྒྲུབ་པ། ཐག་ཉེ་སར་སྒྲུབ་པ། ཐེངས་གཅིག་ལ་སྒྲུབ་པ”བཅས་བྱས་ནས“བྱ་བ་ཚང་མ་བསྒྲུབ་ཐུབ་པ་དང་བྱ་བ་ཚང་མ་མགྱོགས་མྱུར་བསྒྲུབ་ཐུབ་པ”བྱུང་ཡོད་པ་རེད།

    “གང་ཡང་སྒྲུབ”ཀྱི་ལག་ཐོགས་ཁ་པར་གྱི་ཞབས་ཞུའི་ནང“གང་ཡང་སྒྲུབ”ཀྱི་སྐད་འཕྲིན་བྱ་རིམ་ཆུང་གྲས་དང་། “གང་ཡང་སྒྲུབ”APP ལྷ་སའི་སྲིད་དོན་ཞབས་ཞུའི་སྐད་འཕྲིན་གྱི་སྤྱི་རྟགས་བཅས་ཚུད་ཡོད།“གང་ཡང་སྒྲུབ”APPཡིས་སྲིད་དོན་ཞབས་ཞུའི་དོན་ཚན་བློ་འདྲི་དང་སྒྲུབ་གཉེར་དང་བློ་འདྲི་དང་ཞུ་གཏུག་སོགས་ཀྱི་ཞབས་ཞུ་བཅས་ཚུད་ཡོད། གཏན་འཇགས་རྒྱུ་ནོར་གྱི་བློ་འདྲི་དང་། སྨན་བཅོས་འགན་བཅོལ་གྱི་བློ་འདྲི་ཞབས་ཞུ། གླ་ཆའི་བློ་འདྲི་ཞབས་ཞུ། དུས་ཐོག་སྤྱི་སྤྱོད་རླངས་འཁོར་སོགས་དམངས་ཕན་བཀོལ་སྤྱོད་རྣམ་གྲངས་ཁག་87མཁོ་འདོན་བྱས་པ་དང་སྲིད་དོན་ཞབས་ཞུའི་དོན་ཚན་818ལག་ཐོགས་ཁ་པར་གྱི་APPནས་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།

    མང་ཚོགས་ཀྱིས“རང་རྟེན་སྒྲུབ་བདེར”བརྟེན་ནས་བྱ་བ་བློ་བདེའི་ངང་སྒྲུབ་པ།

    མིག་སྔར་ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཉིན་མཚན་དབྱེར་མེད་ཀྱི་རང་རྟེན་ཞབས་ཞུའི་ཁུལ་དུ་ཉིན་མཚན་མེད་པར་ལས་རེས་བྱེད་མཁན་མེད་པའི་ལས་སྒྲུབ་སྟེགས་བུ་དང་། མི་སྒེར་གྱི་ཡིད་རྟོན་བློ་འདྲི་དང་རང་རྟེན་མཐའ་སྣེ། སྤྱི་ཚོགས་འགན་བཅོལ་བློ་འདྲིའི་མཐའ་སྣེ། སྨན་བཅོས་འགན་བཅོལ་བློ་འདྲིའི་མཐའ་སྣེ་སོགས་ཀྱི་སྒྲིག་ཆས་ཡོད་པ་རེད།

    རང་རྟེན་ཞབས་ཞུ་ཁུལ་གྱི་སྒོ་འཛུལ་སར་LEDབརྙན་ཤེལ་བསྒར་ཡོད་པ་ནས་སྟབས་བདེའི་པར་རིས་དང་། བརྙན་ལམ། བཀོལ་སྤྱོད་བྱེད་སྟངས་སོགས་ཀྱི་བརྒྱུད་རིམ་མཐོང་ཐུབ་ཅིང་། ལས་དོན་སྒྲུབ་མཁན་ཁེ་ལས་དང་མང་ཚོགས་ལ་བཀོལ་སྤྱོད་ཀྱི་བརྒྱུད་རིམ་དང་གོ་རིམ་སློབ་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག་ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་། འཕྲོད་བསྟེན་བདེ་ཐང་སྡེ་ཚན། སྤྱི་གསོག་མ་དངུལ་ལྟེ་གནས་བཅས་ནས་མུ་མཐུད་ལས་སྒོ་གཉེར་ཏེ་གྲངས་གཞི་མཉམ་སྤྱོད་བརྒྱུད་གཏན་འཇགས་རྒྱུ་ནོར་གྱི་ལས་སྒོ་དང་། སྤྱི་གསོག་མ་དངུལ་གྱི་ལས་སྒོ སྤྱི་ཚོགས་འགན་བཅོལ་ལས་སྒོ་སོགས་ཀྱི་རིགས་མང་པོ་གཅིག་རྗེས་གཉིས་མཐུད་ངང“གང་ཡང་སྒྲུབ”ཀྱི་རང་རྟེན་མཐའ་སྣེ་དང་སྦྲེལ་མཐུད་བྱས་ནས“འཕྲུལ་ཆས་གཅིག་ནས་བྱ་བ་མང་པོ་སྒྲུབ་ཐུབ་པ”བྱུང་ཡོད།

    ལོ་སྟོད་དུ་ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཉིན་མཚན་དབྱེར་མེད་ཀྱི་རང་རྟེན་ཞབས་ཞུའི་ཁུལ་གྱི་ཕྱོགས་བསྡུས་འཕྲུལ་གཉེར་དངོས་སུ་ཁྱབ་གདལ་བཏང་བ་ནས་བཟུང་། རང་རྟེན་ཞབས་ཞུའི་མཐའ་སྣེ་ནས་མང་ཚོགས་ཀྱིས་ལྟ་ཐེངས་ཁྲི་17ལྷག་ཙམ་ཟིན་པ་དང་ལས་སྒོ་གཉེར་ཚད་ཁྲི་2.1ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།