དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ནག་ཆུ་གྲོང་ཁྱེར་དམངས་ཕན་སྨན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-25

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་དམངས་ཕན་སྨན་ཁང་གི་ཏང་ཀྲི་པུས“སློབ་སྦྱོང་ལ་དམ་འཛིན་དང་། མཐུན་སྒྲིལ་ལ་དོན་དུ་གཉེར་བ། དཔེ་མཚོན་འཛུགས་པ། བརྟན་ལྷིང་འགན་ལེན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་གཙོ་བོར་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་གཏོད་ཀྱི་ལས་དོན་ཧུར་ཐག་སྤེལ་བ་རེད།

    ནག་ཆུ་གྲོང་ཁྱེར་དམངས་ཕན་སྨན་ཁང་གི་ཏང་ཀྲི་པུས“སྤྱོད་གཙང་གི་སྨན་ཁང”འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཏང་སྲོལ་གྱི་སྤྱོད་ཚུལ་དང་། ལས་རིགས་ཀྱི་སྤྱོད་ཚུལ་དང་། སྨན་ཁང་གི་སྤྱོད་ཚུལ། སྨན་བཅོས་ཀྱི་སྤྱོད་ཚུལ་བཅས་ལེགས་པའི“སྤྱོད་ཚུལ་ལེགས་པའི་སྨན་ཁང”ཧུར་ཐག་བཏོད་དེ། མི་རིགས་ཁག་གི་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩིས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་སེམས་པ་དམངས་ལ་འཆང་བའི”འཕེལ་རྒྱས་ཀྱི་རྩ་བར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་དང་ནུས་ཆེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བྱས་པ་རེད།

    དེ་དང་ཆབས་ཅིག ཏང་ཡོན་གྱིས་དམ་བཅའ་འཇོག་པ་དང་ལག་ལེན་བསྟར་བ་དང་ཏང་ཡོན་གྱིས་འོས་འགན་སྨན་བཅོས་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། སློབ་སྦྱོང་དང་གསོ་སྦྱོང་། འོས་འགན་སྨན་བཅོས་སོགས་ཀྱི་གོ་སྐབས་གང་ལེགས་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྨན་ཁང་གཏོད་པའི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་རེད། གཞན་ཡང་སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་བྱེད་སྒོ་དང་གཞི་རྟེན་ཡོད་པར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་འཛུགས་གཏོད་སྨན་ཁང་དུ་སྤེལ་བར་སྐུལ་འདེད་མགྱོགས་པོ་བཏང་སྟེ། དམངས་གཉེར་སྨན་ཁང་དུ་མི་རིགས་མཐུན་སྒྲིལ་དང་དུས་བདེ་བསྐྲུན་པའི་རྣམ་པ་བཟང་པོ་བཏོད་ཡོད།

    ནག་ཆུ་གྲོང་ཁྱེར་དམངས་ཕན་སྨན་ཁང་གི་ཏང་ཀྲི་པུས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་རང་རྟོགས་ངང་ལག་ལེན་བསྟར་ནས། མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་ཆེད། ནག་ཆུ་གྲོང་ཁྱེར་དམངས་ཕན་སྨན་ཁང་གིས་མཉེན་ཆས་དང་ཤེས་ལྡན་མི་སྣ་དང་མཁྲེགས་ཆས་དང་སྒྲིག་ཆས་ཐད་འཆར་འགོད་བཀོད་སྒྲིག་བྱས་ཡོད། དེའི་ནང་མཉེན་ཆས་ཐད་ཤེས་ལྡན་མི་སྣ་ནང་འདྲེན་དང་མགྱོགས་མྱུར་གསོ་སྐྱོང་བྱ་རྒྱུ་གཙོ་རྐང་དུ་བྱས་པ་དང་། མཁྲེགས་ཆས་ཐད་མཁའ་རླུང་དུག་སེལ་འཕྲུལ་འཁོར་དང་། ཁ་ལུད་རྔུབ་ལེན་འཕྲུལ་འཁོར། སྙིང་གློག་དཔར་ཆས། སྤྱི་པའི་འཕྲོད་བསྟེན་དང་རིག་ནུས་ཀྱི་གཟུགས་གཞི་བརྟག་དཔྱད་མ་ལག་སོགས་སྨན་བཅོས་སྒྲིག་ཆས་མང་དུ་བཏང་ཡོད། གཞན་ཡང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་རྩལ་ནུས་ཆེ་རུ་བཏང་སྟེ་ཆེད་ལས་ལག་རྩལ་མི་སྣ་5གསོ་སྦྱོང་དང་སློབ་སྦྱོང་བྱེད་པར་མངགས་གཏོང་བྱས་ནས། སྨན་པ་དཀའ་བཅུ་པའི་ཚད་ལྡན་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།

    ནག་ཆུའི་སྤྱི་ཕན་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད། ནག་ཆུ་གྲོང་ཁྱེར་དམངས་ཕན་སྨན་ཁང་གི་ཏང་ཀྲི་པུས་སྨན་རིན་མི་དགོས་པའི་འོས་འགན་སྨན་བཅོས་བྱེད་སྒོ་སྣ་ཚོགས་ཐེངས་90ལྷག་ཙམ་སྤེལ་བར་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་དང་། རིམ་རྩིས་བྱས་ན་རིན་ཐང་སྒོར་ཁྲི་160ལྷག་ཙམ་རི་བའི་སྨན་རྫས་སྤྲད་པ་རེད། དེ་དང་ཆབས་ཅིག་སྨན་བཅོས་རོགས་སྐྱོབ་དང་ལས་ཞུགས་ལས་གནས་མཁོ་འདོན་ཧུར་ཐག་བྱེད་པ་དང་། དུད་ཚང་དབུལ་པོའི་མང་ཚོགས་ལ་སྨན་རིན་མི་དགོས་པར་གཟུགས་གཞིར་བརྟག་དཔྱད་བྱེད་པ། འབྲེལ་ཡོད་སྨན་བཅོས་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་འབྲེལ་ཡོད་བྱེད་ཐབས་སྤྱད་དེ་གནད་སྨིན་དབུལ་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་48བསྡུས་པ་དང་དབང་པོ་སྐྱོན་ཅན་2ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ། དཀའ་ངལ་ཡོད་པའི་མང་ཚོགས་10ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་སྨན་བཅོས་འགྲོ་གྲོན་སྒོར་ཁྲི་15ལྷག་ཙམ་རྩ་ཆག་བཏང་བ་རེད།

    ནག་ཆུ་གྲོང་ཁྱེར་དམངས་ཕན་སྨན་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་སུའུ་ཧྲོང་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་ཁང་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ནུས་པ་ཆེར་གཏོང་། གྲུབ་ཆ་ལེགས་གཏོང་། རིག་གནས་གཅིག་སྡུད་བཅས་ལ་དམིགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་སྤེལ་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཕྱོགས་ཡོངས་ནས་བདེ་ཐང་ཞབས་འདེགས་ཞུས་ཏེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།