དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་གྱིས་པེ་ཅིང་དུ་གྲངས་འཛིན་དཔལ་འབྱོར་ཐོན་ལས་འོས་སྦྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-25

    ལྷ་སའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་གྲངས་འཛིན་དཔལ་འབྱོར་ཐོན་ལས་གཅིག་སྡུད་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། “ཤར་གྲངས་ནུབ་རྩིས་དང་གྲངས་འདུས་ལྷ་ས”ཞེས་པའི་2023ལོའི་ལྷ་ས་གྲོང་ཁྱེར་གྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཀྱི་ཆེད་དོན་ཚོང་འགུགས་འོས་སྦྱོར་ཚོགས་འདུ་པེ་ཅིང་དུ་བདེ་བླག་ངང་འཚོགས་པ་རེད།

    ད་རེས་ཀྱི་ཚོང་འགུགས་འོས་སྦྱོར་ཚོགས་འདུའི་ཐོག“ཤར་གྲངས་ནུབ་རྩིས་དང་གྲངས་འདུས་ལྷ་ས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། “གྲངས་གཞི་གཙོ་རྒྱུ་ཅན”དང“གཙོ་རྒྱུ་གྲངས་འཛིན་ཅན”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

    ཚོགས་འདུའི་ཐོག་ཁྱོན་བསྡོམས་རྣམ་གྲངས་12ལ་གན་རྒྱ་བཞག་པ་དང་འདོད་མཐུན་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་18.5ཟིན་ཡོད་པ་རེད།

    2023ལོའི་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཚོང་འགུགས་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་འཚོགས་པ་དེས་བོད་དང་གྲངས་འཛིན་དཔལ་འབྱོར་ཁེ་ལས་དང་ལས་རིགས་མཐུན་ཚོགས་སོགས་སྤུས་ལེགས་ཐོན་ཁུངས་དབར་སྦྲེལ་མཐུད་ཟབ་མོ་དང་སྤེལ་རེས་ཐུབ་ཡོད། ལྷ་སས“ལྷ་སའི་གྲངས་འཛིན་དཔལ་འབྱོར་གཅིག་སྡུད་ཁུལ”སྐྲུན་པའི་ཁ་ཕྱོགས་ཆེན་པོ་མུ་མཐུད་གཏན་འཁེལ་བྱས་ནས་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”དང“ཤར་གྲངས་ནུབ་གྲབས”ཐོན་ལས་བཀོད་སྒྲིག་ཁྲོད་ལས་དོན་ཧུར་ཐག་བསྒྲུབས་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།