ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པར་སྒོར་དུང་ཕྱུར་128ཀྱི་ཚོང་འགུགས་མ་འདྲེན་གྱི་གན་རྒྱ་བཞག་པ།
ཟླ་8ཚེས་22ཉིན་འཚོགས་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པའི་ཚོང་འགུགས་མ་འདྲེན་གྱི་གན་རྒྱ་འཇོག་པའི་མཛད་སྒོར་ཁྱོན་རྣམ་གྲངས་23ལ་གན་རྒྱ་བཞག་པ་དང་། གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་128ཟིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོང་འགུགས་མ་འདྲེན་གྱི་གན་རྒྱ་འཇོག་པའི་མཛད་སྒོར་ཀྲུང་གོ་ཀོང་ཏུང་ཉིང་གློག་བཟོ་ལས་བོད་ལྗོངས་ཡན་ལག་ཀུང་སི་དང་། བོད་ལྗོངས་རྒྱལ་ནུས་གཏེར་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི། ཧྲའན་ཤིས་ནགས་ལས་ཚོགས་པ་སྐྱེ་ཁམས་གསར་སྤེལ་ཚད་ཡོད་ཀུང་སི་སོགས་ལྗོངས་ཕྱི་ནང་གི་ཁེ་ལས་40ལྷག་ཙམ་ཞུགས་ཡོད་པ་རེད།
མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཚོང་འགུགས་མ་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁེ་ལས་ལ་མ་དངུལ་འཇོག་པའི་ཁོར་ཡུག་ཡག་པོ་བཏོད་དེ་ལས་དོན་ནར་འགྱངས་མེད་པར་འཕྲལ་དུ་སྒྲུབ་པ་དང་། ལས་དོན་ཡག་པོ་སྒྲུབ་པའི“བུ་རྫིའི་རྣམ་པའི”ཞབས་ཞུའི་འདུ་ཤེས་བཙུགས་ཏེ། ད་ཐེངས་གན་རྒྱ་བཞག་པའི་རྣམ་གྲངས་23ལ་ཆེད་མི་བཀོད་སྒྲིག་བྱས་ནས་གན་རྒྱ་བཞག་པའི་ཁེ་ལས་དང་རང་འགུལ་སྦྲེལ་མཐུད་བྱས་ཏེ། ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་དང་གནད་དོན་དངོས་ཐག་གཅོད་ཏན་ཏིག་བྱས་ནས། རྣམ་གྲངས་གང་མགྱོགས་དོན་འཁྱོལ་ཐུབ་པ་དང་འབྲེལ་དུས་བཀག་ལྟར་ལེགས་སྒྲུབ་བྱེད་པར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།