ཁྲོན་བོད་གཞུང་ལམ་བོད་ལྗོངས་སྤོ་བོ་རྫོང་གི་རྒྱུད་དུ་ཆུ་ལོག་དང་ཆུ་རུད་ཀྱི་གནོད་འཚེ་ཐོན་པས་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ནུས་ཤུགས་ཡོད་རྒུས་གཞུང་ལམ་མྱུར་བཟོ་བྱས་པ།
འདི་ནི་ཟླ་8ཚེས་19ཉིན། དཔོན་དམག་ཚོས་འགྲུལ་པར་རོགས་སྐྱོབ་བྱེད་བཞིན་པ།
ཉེ་དུས་བོད་ལྗོངས་ཤར་ལྷོ་ཁུལ་དུ་ཆར་པ་ཆེན་པོ་བབས་པས་2023ལོའི་ཟླ་8ཚེས་18ཉིན་ཁྲོན་བོད་གཞུང་ལམ་སྤོ་བོ་རྫོང་གཡུ་ཕུག་ཤང་ས་ཁོངས་ཀྱི་ལམ་དུམ་དུ་ཆུ་ལོག་དང་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་ལམ་དུམ་དེའི་ལམ་གཞི་སྨི་100ལ་ཆུ་རུད་ཀྱིས་ཁེངས་ནས་རླངས་འཁོར་500ལྷག་ཙམ་དང་མི་1500ལྷག་ཙམ་དེ་ཁུལ་དུ་ལུས་ཡོད་པ་རེད། ཟླ་8ཚེས་19ཉིན། ཉིང་ལག་རུ་ཁག་དེས་གཡུ་ཕུག་ཤང་དང་ར་འོག་གྲོང་རྡལ་གཉིས་ནས་རྐང་འཛིན་སྟོབས་ཤུགས་ས་ཡུལ་དངོས་སུ་གཞུང་ལམ་མྱུར་བཟོ་བྱེད་པར་མངགས་པ་རེད། ཚེས་19ཉིན་གྱི་ཆུ་ཚོད་17དང་སྐར་མ་30བར། དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཆུ་ཚོད་11རིང་བསྟུད་མར་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཆུ་རུད་ཐོན་ནས་འགགས་པའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག་གི་བཀོད་འདོམས་འོག་དེ་ཁུལ་དུ་ལུས་པའི་འཁོར་རིགས་དང་མི་སྣ་ཚང་མ་ཤར་བགྲོད་བདེ་བླག་ཐུབ་པ་རེད།