དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-24

    2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་8ཚེས་23ནས་29ཉིན་བར་ལྷོ་ཁར་གཉེར་རྒྱུ་རེད། བྱེད་སྒོར“ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་ལ་འཕྲོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་། མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཚོང་འདུས། “གླུ་དབྱངས་ལེན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱས་ཏེ་རྒྱང་ལམ་གསར་པར་འབད་འབུངས་བྱེད་པའི”མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན། ལྷོ་ཁའི་སྐབས་དང་པོའི་གསེར་ཆེན་ལྷ་མཚོའི་ཡུལ་སྐོར་དམངས་གཞས་མཛད་སྒོ གྲོང་སྐོར་མར་སུན་རྒྱུག་ཤར་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ནི་ལྷོ་ཁ་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་། ཧུའུ་པེ་ཞིང་ཨུད་དྲིལ་བསྒྲགས་པུའུ། ཧུའུ་པེ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད། དེའི་རིང“ཁེ་ལས་བརྒྱ་ཡིས་ལྷོ་ཁར་བསྐྱོད་པའི”བརྗོད་དོན་གཙོ་བོའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོག་རྒྱུ་དང་“ཐཱན་གཉིས་ཀྱི་དམིགས་ཚད་ལ་དམ་པོར་གཞིགས་ནས་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པའི”བརྗོད་དོན་གཙོ་བོའི་མཚོ་བོད་ས་མཐོའི་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གླེང་སྟེགས་གཉེར་ནས། ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་མངོན་པ་དང་། ལྷོ་ཁའི་མཚན་སྙན་དང་ཤུགས་རྐྱེན་ཐེབས་ཤུགས་མཐོ་རུ་གཏོང་བ། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།