དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས།

    གྲི་དངོ་རང་གཏད་མཐའ་འཁྱོངས་བྱས་ནས་འཚོལ་བཤེར་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-24

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་དམིགས་ཚད་ཀྱི་ཕྱོགས་སྟོན་དང་གནད་དོན་གྱི་ཕྱོགས་སྟོན་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱས་ནས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། གནད་དོན་གནད་ལ་འཁེལ་པོས་འཚོལ་བཤེར། དག་ཐེར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཏན་འབེབས་ཀྱི་བྱ་སྤྱོད་གནད་ལ་འཁེལ་བ་དང་རང་འདེམས་ཀྱི་བྱ་སྤྱོད་གཟེངས་སུ་ཐོན་རྒྱུར་འབད་བརྩོན་བྱས་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་གྲི་དངོ་རང་གཏད་ཀྱིས་གནད་དོན་འཚོལ་རྒྱུ་མཐའ་འཁྱོངས་བྱས་ཏེ། འཚོལ་བཤེར་དག་ཐེར་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཤིང་། ཏང་ཙུའུ་ཡིས་མིང་འདོན་དང་། ཀྲི་པུའུ་ཡིས་འཚོལ་བ། ཚང་མས་འདོན་པ་བཅས་བྱས་པ་བརྒྱུད། ཐིང་ཏང་ཙུའུ་དང་ཀྲི་པུའུ་ཁག་གིས་གནད་དོན་གྱི་གསལ་ཐོ་བཟོས་པ་དེ་བརྟག་དཔྱད་ཞིབ་འཇུག་དང་དག་ཐེར་དོན་འཁྱོལ་གྱི་གཙོ་གནད་དུ་བརྩིས་པ་དང་ཆབས་ཅིག ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་ཆེད་དོན་བྱ་སྤྱོད་སྤེལ་བ་དང་ཟུང་འབྲེལ་བྱས་ནས། ལྗོངས་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱིས་ཁྲལ་རིན་གཉིས་གཅོག་དང་གཞི་རིམ་གྱི་འགན་བཅོལ་གསུམ་སོགས་ཁྱབ་ཁོངས་9ནས་གནད་དོན་འཚོལ་རྒྱུའི་སྒྲིག་འཛུགས་བྱས་པ་རེད།

    དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ད་དུང་ཐིང་ཡོངས་ཀྱི་ལམ་ལུགས་སྣ་ཚོགས་ལ་ཁྱོན་ཡོངས་ནས་གསེད་བཀྲོལ་བྱས་ཏེ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ལས་ཀའི་ཇུས་གཞི་དང་ལས་ཀའི་གསལ་ཐོ་བཟོས་པ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། ལྗོངས་ནོར་སྲིད་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་རྩྭ་ཐང་གི་གཞན་སྒྱུར་གཏོང་སྤྲོད་མ་དངུལ་རྣམ་གྲངས་ཀྱི་གྲབས་གསོག་དོ་དམ་ཞིབ་སྲོལ(གནས་སྐབས་ལག་བསྟར་སྲོལ་ཡིག)》དང《བོད་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་ཁ་གསབ་མ་དངུལ་འབྲེལ་མཐུད་དང་སྐུལ་འདེད་གཏོང་བའི་སྐུལ་ལྕག་གཅུན་འདོམས་ལམ་སྲོལ་གྱི་དོ་དམ་བྱ་ཐབས》སོགས་ལམ་ལུགས་ཁག་4གསར་དུ་བཏོན་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་ཁ་གསབ་མ་དངུལ་འབྲེལ་མཐུད་དང་སྐུལ་འདེད་གཏོང་བའི་དོ་དམ་བྱ་ཐབས》དང་། 《དབུལ་སྒྲོལ་རྫོང་གིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་དང་བེད་སྤྱོད་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཞིབ་སྲོལ》སོགས་ལམ་ལུགས་ཁག་7བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་བ། “སྲིད་ཇུས་མཛོད་དང་། མ་དངུལ་མཛོད། དཔེ་མཚོན་མཛོད། ལས་ཀའི་སྒྲིག་སྲོལ་མཛོད། གཙོ་གནད་ལས་དོན་མཛོད”བཅས་མཛོད་5བསྐྲུན་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་ཏན་ཏིག་བཏང་བ་དང་འགན་འཁྲི་སྒྲུབ་པའི་ཉེན་ཁ་སྔོན་འགོག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།