དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆུ་ཤུར་རྫོང་གནམ་ཤང་གིས་སློབ་སྦྱོང་གི་ནང་དོན་ལེགས་པར་བདམས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་གསོ་སྦྱོང་བྱེད་པ།

    “སྨྲ་ཤེས་འབྲི་ཤེས་པའི”“ཞིང་པ་གསར་པ”སྐྱེད་སྲིང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-24

    ལྷ་ས་ནས་ནུབ་ཕྱོགས་སུ་ཞིང་ཁས་མཐའ་བསྐོར་བའི་རྒྱལ་ལམ་318ཐོག་སྤྱི་ལེ་40ཙམ་བསྐྱོད་མཐར་ལྷ་ས་སྐྱིད་ཆུའི་སྨད་རྒྱུད་ཀྱི་བྱང་ངོགས་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོར་སླེབས།

    ས་ཁམས་གནས་བབ་ཁྱད་དུ་འཕགས་པའི་ལྗང་གྲོང་ཚོར་ཐོག་མཐའ་བར་གསུམ་དུ་ལྷ་ས་སྐྱིད་ཆུ་ནས་ཞིང་ཆུ་འདྲེན་པ་དང་ཞིང་ཁ་སྔོ་ཐིང་ངེར་གནས།

    གྲོང་ཚོ་ཨུ་ལྷན་གྱི་རིག་གནས་ཁང་གི་སྒོ་ཁར་རླངས་འཁོར་ཁ་འགོག་སྐབས་ནང་ངོས་ནས་གྲོང་མིས་གསོ་སྦྱོང་སློབ་ཚན་ཐོག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེའི་མིང་ཚིག་དང་བརྗོད་པ་ཀློག་པའི་སྒྲ་ལྷང་ལྷང་དུ་གྲགས་འོང་།

    “སྐུ་ཁམས་བཟང་། ངའི་མིང་ལ་ལྷག་པ་ཟེར་གྱི་ཡོད། ད་ལོ་ལོ་62ལ་སླེབས་པ་དང་གསོ་སྦྱོང་འཛིན་གྲྭའི་ནང་གི་ལོ་ན་རྒན་ཤོས་ཀྱི་སློབ་མ་ཞིག་ཡིན”ཞེས་གྲོང་མི་ལྷག་པས་རྒྱ་སྐད་སྒྲ་དག་པོ་ཞིག་བརྒྱབ་ཅིང་། “ནམ་འཚོའི་བར་དུ་སློབ་སྦྱོང་བྱེད”ཅེས་པ་ལག་ལེན་མཐར་ཕྱིན་བསྟར་བཞིན་མཆིས།

    ལྷག་པའི་ངོས་ནས་བརྗོད་ན་ལོ་ཚད་ནི་གྲངས་ཀ་ཙམ་ཞིག་ཡིན་པ་ལས་སློབ་སྦྱོང་བྱེད་པའི་འགོག་རྐྱེན་ཞིག་ག་ལ་ཡིན། ད་ཆ་སློབ་ཚན་འཚོག་སྐབས་ཡིན་ནའང་འདྲ་ཡང་ན་རྒྱུན་གཏན་འཚོ་བའི་ཁྲོད་ཡིན་ཡང་རུང་ལྷག་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེར་བརྟེན་ནས་འབྲེལ་གཏུག་དང་སྤེལ་རེས་བྱ་རྒྱུར་དགའ་པོ་ཡོད།

    “རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་སྦྱོང་རྒྱུ་ནི་རང་ཉིད་ཀྱི་མོས་ཕྱོགས་ལ་བརྩིས་ནས་སྦྱངས་ཚེ་དཀའ་ངལ་ཆེན་པོ་དེ་ཙམ་མེད་ལ་སྤྲོ་སྣང་ཡང་ཚོར་གྱི་འདུག”ཅེས་ལྷག་པས་གད་མོ་དགོད་བཞིན་དུ་བཤད།

    འདི་ལོ་ནས་བཟུང་ཆུ་ཤུར་རྫོང་གནམ་ཤང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེའི་སློབ་གསོའི་གསོ་སྦྱོང་གོ་སྐབས་སུ་བྱས་ནས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ་གྲོང་སྡོད་ལས་བྱེད་པ་དང་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི“གཅིག་གཏད་གཅིག”གི་ཆ་འགྲིག་དང་གཅིག་སྡུད་སློབ་ཁྲིད་ཀྱི་བྱེད་སྟངས་སྤྱད་དེ“སྨྲ་ཤེས་འབྲི་ཤེས་པའི”དུས་རབས་གསར་པའི་ལས་བྱེད་པ་ཁག་གཅིག་སྐྱེད་སྲིང་བྱས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་བཞིན་ཡོད་པ་རེད།

    “ང་ལ་པ་སངས་གཡུ་སྒྲོན་ཟེར་གྱི་ཡོད། ད་ལོ་ལོ་46ཡིན། ང་ནི་ལྗང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་ཡིན། 2011ལོ་ནས་བཟུང་ངས་ལྗང་གྲོང་ཚོ་ཨུ་ལྷན་དུ་ལས་ཀ་བྱས་པ་དང་མིག་སྔར་ལྗང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བུད་མེད་ཀྲུའུ་རེན་གཅིག་ལྕོགས་ཀྱི་འགན་འཁུར་གྱི་ཡོད། ངས་མང་པོ་ཤེས་བྱུང་ལ་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་བྱུང”ཞེས་པ་སངས་གཡུ་སྒྲོན་གྱིས་རྒྱ་སྐད་ཆུ་རྒྱུག་རྒྱུག་བརྒྱབ།

    པ་སངས་གཡུ་སྒྲོན་ནི་ལྗང་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ལོ་ན་ཅུང་ཆུང་བའི་གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་པ་དང་མ་གཞི་ཁ་ཁུ་སིམ་པོ་ཞིག་ཡོད་མོད། འོན་ཀྱང་ཚང་མའི་མིག་ལམ་དུ་ཁོང་ནི་འཚོ་བ་དང་སློབ་སྦྱོང་ལ་དགའ་ཞེན་ཆེ་བའི“དུས་རབས་གསར་པའི་གཞོན་ནུ”ཞིག་རེད།

    རྣམ་ཀུན་པ་སངས་གཡུ་སྒྲོན་གྱིས་ལས་ཀ་ཙག་ཙིག་ཚར་རྗེས་ཆ་བསྒྲིགས་སློབ་རོགས་ཀྱི་གྲོང་སྡོད་ལས་བྱེད་པ་དབང་ལགས་དང་མཉམ་དུ་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི“ཉན་པ་དང་། ཤོད་པ། འབྲི་བ། ཀློག་པ”བཅས་ཀྱི་སྦྱོང་ཚན་ལེགས་སྒྲུབ་དང་ལག་ལེན་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེའི་བྱང་ཚད་མཐོ་རུ་གཏོང་བར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ད་ཆ་པ་སངས་གཡུ་སྒྲོན་གྱིས་ཚང་མ་དང་རྒྱ་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས་སྤེལ་རེས་ཐུབ་ཀྱི་ཡོད།

    སློབ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་ཆེད་གནམ་ཤང་གིས་ལྗང་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་ནང་དོན་ལེགས་འདེམས་དང་འཚོ་བར་ཉེ་བཅར་དང་སྤྱོད་གོ་ནུས་ལྡན་ཆོད་པའི་བླང་བྱ་གཞིར་བཟུང་། མིང་དང་ཚིག་སྟབས་བདེ་ནས་རྒྱུན་གཏན་གྱི་ཁ་སྐད་དང་དེ་ནས་བརྗོད་པ་ཧྲིལ་པོ་ཤོད་པའི་བར་རིམ་བཞིན་སློབ་ཁྲིད་བྱེད་པ་མ་ཟད། སྦྱངས་པའི་མིང་ཚིག་དེ་དག་ལས་ཀ་དང་འཚོ་བར་བཀོལ་སྤྱོད་བྱས་ནས་གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་རྨང་གཞི་དང་བཀོལ་སྤྱོད་ཀྱི་འཇོན་ཐང་ཆེ་རུ་བཏང་ཡོད། དེ་དང་དུས་མཚུངས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེའི་གཏམ་བཤད་འགྲན་བསྡུར་སོགས་བརྒྱུད་སློབ་སྦྱོང་གི་ཕན་འབྲས་ཞིབ་བཤེར་བྱས་ནས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེའི་ཆུ་ཚད་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།