དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རེ་བ་སྦྱིན་པ་དང་བདེ་སྐྱིད་བསྐྲུན་པ།

    ཕ་ཕུ་ཡ་ཀུའི་ནེ་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཡུལ་དེའི་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ནུས་པ་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-23

    ཐའེ་ལེ་ནི་དེ་སྔ་ཕ་ཕུ་ཡ་ཀུའི་ནེ་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་12པའི་ནད་པ་ཞིག་རེད། ཟླ་3ལྷག་ཙམ་གྱི་གོང་། ཐའེ་ལེ་རྒྱལ་ས་མོར་སི་པི་གྲུ་ཁའི་སྤྱི་ཁྱབ་སྨན་ཁང་དུ་སྐྱེས་པ་དང་། ཐའེ་ལེ་སྐྱེ་སྐབས་སྲོག་ལ་ཉེན་ཁ་འཕྲད་ཅིང་ཕ་ཕུ་ཡ་ཀུའི་ནེ་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་12པའི་རུ་དཔོན་གཞོན་པ་དང་ཕྲུ་གུ་དམར་འབྱར་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་ལིའུ་ཀྲེན་ཆིའུ་ཡིས་ས་གནས་དེ་གའི་སྨན་དོན་མི་སྣ་དང་མཉམ་དུ་ཐའེ་ལེར་སྨན་བཅོས་བྱས་པས་མཐར་དྲག་སྐྱེད་བྱུང་བ་རེད།

    དེ་རྗེས་ཐའེ་ལེ་ཡི་ཨ་མ་གཡོད་སེ་ཧྥན·དབྱི་ན་ཕི་ཡིས་རང་ཉིད་ཀྱི་བུར་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཚེ་སྲོག་གཉིས་པ་སྦྱིན་པས་བུར་ཀྲུང་གོའི་མིང་ཞིག་བཏགས་པ་རེད། ཐའེ་ལེ་ཡི་ཕ་མ་གཉིས་ཀྱིས་ཀྲུང་གོ་བའི་གོམས་གཤིས་ལྟར་ཐའེ་ལེ་སྐྱེས་ནས་ཉིན་བརྒྱ་འཁོར་བའི་གསོལ་སྟོན་བཤམས་ཏེ། ཀྲུང་གོའི་སྨན་བཅོས་རུ་ཁག་དང་མཉམ་དུ་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་བྱུང་བའི་དགའ་ཚོར་མཉམ་སྤྱོད་བྱས་པ་རེད།

    སྨན་བཅོས་ཆ་རྐྱེན་ཞན་པས་ཕ་ཕུ་ཡ་ཀུའི་ནེ་ཡའི་ཕྲུ་གུ་དམར་འབྱར་འཆི་ཚད་མཐོ་པོ་ཡོད། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ནད་གཞི་ཡོད་པའི་བྱིས་པ་སྐྱོབ་པ་དང་། ཡུལ་དེའི་སྨན་དོན་མི་སྣར་གསོ་སྐྱོང་བྱེད་པ། རིག་གཞུང་འཆད་ཁྲིད་བྱེད་པ་སོགས་བརྒྱུད་ཡུལ་དེའི་ཕྲུ་གུ་དམར་འབྱར་སྐྱོབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།

    2002ལོ་ནས་བཟུང་། ཀྲུང་གོས་ཕ་ཕུ་ཡ་ཀུའི་ནེ་ཡར་སྨན་བཅོས་རུ་ཁག་ཁག་12བཏང་ནས། ཕ་ཕུ་ཡ་ཀུའི་ནེ་ཡའི་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོ་རུ་གཏོང་བ་དང་ཕ་ཀྲུང་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། འདི་ལོའི་ཟླ་7པར་ཕ་ཕུ་ཡ་ཀུའི་ནེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཙེན་དབན་ཧྭ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་འཕྲོད་བསྟེན་པུའུ་ཡི་དྲུང་ཆེ་ཨའོ་སི་པན·ལི་ཁོའོ་ཡིས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་ཚབ་བྱས་ནས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་དེ། ཀྲུང་གོས་སྨན་བཅོས་རུ་ཁག་མུ་མཐུད་མངགས་ནས་ཕ་ཕུ་ཡ་ཀུའི་ནེ་ཡར་ལས་དོན་སྤེལ་བའི་ཐུན་མོང་གི་ངོས་འཛིན་གྲུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།