དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཚན་པ་ཁག་གིས“ཀྲི་པུའི་ཧྲུའུ་ཅིའི(ཁྲུའུ་ཀྲང)འཆད་ཁྲིད”ཀྱི་བྱེད་སྒོ་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-23

    ཉིན་ཤས་བསྟུད་མར། བོད་ལྗོངས་མི་རིགས་སློབ་ཆེན་དང་། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་། གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང(དོ་དམ་ཨུ་ལྷན) བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས“ཀྲི་པུའི་ཧྲུའུ་ཅིའི(ཁྲུའུ་ཀྲང)འཆད་ཁྲིད”བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ཀྲི་པུའི་ཧྲུའུ་ཅིས(ཁྲུའུ་ཀྲང)འཆད་སྟེགས་ཐོག་སློབ་ཁྲིད་དང་ཉམས་འགྱུར་མངོན་པ་བརྒྱུད། སློབ་ཁྲིད་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཏང་སྟེ་སློབ་སྦྱོང་ལ་སྐུལ་ཁྲིད་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་ཀྲི་པུའི་ཧྲུའུ་ཅིའི(ཁྲུའུ་ཀྲང)སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྗེས་སྙེག་གིས་སྦྱོང་བ་དང་། སློབ་སྦྱོང་བྱེད་བཞིན་དུ་གོ་བ་ལེན་པ། གོ་བ་ལེན་བཞིན་དུ་ལས་ཀ་བྱེད་པ་བཅས་ལ་སྐུལ་ཁྲིད་བྱས་ཏེ་འགྲན་སློབ་སྙེག་བརྒལ་གྱི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུས“ཀྲི་པུའི་ཧྲུའུ་ཅིའི(ཁྲུའུ་ཀྲང)འཆད་ཁྲིད”ཀྱི་བྱེད་སྒོ་སྒྲིག་འཛུགས་ནན་ཏན་བྱས་ནས་སྔ་རྗེས་སུ་གཅིག་སྡུད་འཆད་ཁྲིད་ཁག་5དང་ཀྲི་པུའི་འཆད་ཁྲིད་ཐེངས་53བྱས་པར་ཁྱོན་ཀྲི་པུའི་ཧྲུའུ་ཅི་66གིས་འཆད་སྟེགས་ཐོག་སློབ་ཁྲིད་བྱས་པས། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་གོང་མཐོར་ཕྱིན་པ་དང་གྲུབ་འབྲས་ལྡབ་སྒྱུར་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་གི་ཏང་ཙུའུ་ཡིས“འགག་རྩ་ཉུང་ཤས”ཡིན་པའི་ཁྲུའུ་རིམ་པའི་ལས་བྱེད་པར་དམ་འཛིན་ཏན་ཏིག་བྱས་ཏེ་ལས་སྒོ་སློབ་ཁྲིད་བྱེད་པར་སྣེ་ཁྲིད་ཀྱིས་ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་རོགས་དང་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ནས། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་སྤེལ་ཡོད། གཞན་ཡང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་གི་ཏང་ཙུའུ་ཡིས“ཀྲི་པུའི་ཧྲུའུ་ཅིའི(ཁྲུའུ་ཀྲང)འཆད་སྟེགས”ལས་བྱེད་པ་དང་ལས་བཟོ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པ་འཚར་ལོངས་ཡོང་བའི་སློབ་ཁང་གལ་ཆེན་དུ་མཐའ་འཁྱོངས་བརྩིས་པ་དང་། འཆད་སྟེགས་ཐོག་གི《ནོར་དོན་རྩིས་བཤེར་ལས་དོན“ལྗོངས་ཡོངས་ཀྱི་མདུན་གྲལ”དུ་སླེབས་པར་སྐུལ་འདེད་ཧུར་ཐག་གཏོང་བ》དང《དུས་རབས་གསར་པའི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བསམ་གཞིག་དང་ལག་ལེན》སོགས་ཀྱི་ནང་དོན་གྱིས་ཏང་ཡོན་ཚོའི་ཆབ་སྲིད་བློ་སྦྱོང་མཐོ་རུ་བཏང་བ་དང་། བསམ་བློའི་མཐོང་རྒྱ་ཆེ་རུ་བཏང་བ། ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ན་གཞོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཆབ་སྲིད་ཀྱི་བྱང་ཚད། ལས་ཀའི་སྤྱོད་ཚུལ་སོགས་ཀྱི་ཐད་ལྷག་པའི་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད་པ་རེད།

    གོར་མོ་གྲོང་ཁྱེར་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ(བོད་དང་མཚོ་སྔོན་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ལྷན)ཡིས“ཀྲི་པུའི་ཧྲུའུ་ཅིའི(ཁྲུའུ་ཀྲང)འཆད་སྟེགས”བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་དུ་བཅུག་ཅིང་། མིག་སྔར་དུས་ཐེངས་2སྤེལ་བར་ཁྱོན་བློ་མཐུན་8ཀྱིས་སློབ་ཁྲིད་བྱས་ཡོད། ཚང་མས་གནད་དོན་རྗོད་པ་དང་། ཉམས་མྱོང་གླེང་བ། འཆར་གཞི་འགོད་པ། འཕེལ་རྒྱས་དོན་གཉེར་བཅས་བྱས་པས་དཀའ་གནད་མཉམ་དུ་སེལ་བ་དང་ཉམས་མྱོང་མཉམ་སྤྱོད་ཐུབ་ཡོད། གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་སྨན་ཁང་གི་འཕེལ་རྒྱས་གནད་དོན་ཐག་གཅོད་བྱེད་པའི་ཐད་ཚང་མས་གནད་དོན་གླེང་བ་དང་། འབྱུང་རྩ་འཚོལ་བ། སྨན་ཁང་གི་ཐོན་ཁུངས་ལེགས་ཆ་བཙལ་ནས་གནད་དོན་གནད་འཁེལ་པོས་ཐག་བཅད་པས། དུས་ཚིགས་གཉིས་པར་གཟུགས་པོར་བརྟག་དཔྱད་བྱེད་མཁན་མི་གྲངས་དུས་མཚུངས་ལས་50%འཕར་བ་དང་། ཚོང་འགུགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པའི་ཐད་གཟིགས་སྐྱོང་སྲིད་ཇུས་ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་ཀྱི་གཉེར་སྐྱོང་འགྲོ་གྲོན་དམའ་རུ་བཏང་བ། གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་ནས་བོད་དང་མཚོ་སྔོན་བཟོ་ལས་གླིང་ཁུལ་བར་རིན་མེད་ཀྱི་རླངས་འཁོར་བཏང་ནས་ཁེ་ལས་ཀྱི་ལས་བཟོ་གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་དང་བོད་དང་མཚོ་སྔོན་བཟོ་ལས་གླིང་ཁུལ་དུ་ལས་ཀར་འགྲོ་བ་དང་དེ་བཞིན་འཚོ་བར་སྟབས་བདེ་བསྐྲུན་ཡོད་པ་རེད།

    “སློབ་ཁྲིད་ཀྱི་བརྗོད་དོན་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད” ཉིན་ཤས་གོང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་དུས་ཐེངས་དང་པོའི“གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཆད་ཁྲིད”ཀྱི་བྱེད་སྒོ་སྤེལ་ཡུལ་དུ་སློབ་གྲྭའི་ཁྲུའུ་དང་ཁང་7ནས་ཡོང་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་རང་ངོས་ཀྱི་ལས་སྒོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སེམས་གཏིང་གི་མྱོང་ཚོར་གླེང་བ་དང་། བསམ་ཕྱོགས་དང་བྱ་ཐབས་གླེང་བ། ཉམས་མྱོང་དང་བྱེད་སྟངས་མཉམ་སྤྱོད་བྱེད་པ། བཀྲག་མདངས་འཚེར་ས་དང་ཕན་འབྲས་ངོམས་པ་བཅས་བྱས་པས་ཚང་མའི་དགའ་བསུ་ཐོབ་པ་རེད།

    “ཀྲི་པུའི་ཧྲུའུ་ཅིའི(ཁྲུའུ་ཀྲང)འཆད་སྟེགས”ཀྱི་བྱེད་སྒོ་སྤེལ་ཚུན་བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་མཐོ་སློབ་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་གྲྭའི་ཐད་གཏོགས་ཏང་ཀྲི་པུའུ་ཁག་གི་ཧྲུའུ་ཅི་དང་། ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི། རིམ་པ་གཉིས་པའི་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་སོགས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་འཆད་སྟེགས་ཐོག་སློབ་ཁྲིད་བྱེད་དུ་བཅུག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཁའེ་ཡིས“སློབ་གྲྭས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཆད་ཁྲིད་གོ་སྐབས་སུ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཆད་ཁྲིད་ལམ་ལུགས་ཅན་དང་། རྒྱུན་རྣམ་ཅན། ཕུགས་ཕན་ཅན་གྱི་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཆད་ཁྲིད་བྱེད་སྒོ་དེ་སློབ་གྲྭའི་གཞི་རིམ་ཏང་ཨུད་ཁག་དང་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ནས་སློབ་གྲྭ་ཡོངས་སུ་འགྲན་སློབ་སྙེག་བརྒལ་དང་རྩེ་གྲ་གཏོད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཀྱི་ཡིན”ཞེས་བཤད་པ་རེད།

    བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཏང་ཀྲི་པུའི་ཆབ་སྲིད་ཀྱི་ནུས་པ་དང་། རྩ་འཛུགས་ཀྱི་ནུས་པ། བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ། སྤྱི་ཕན་དགེ་སྒྲུབ་ཀྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོ་སོགས་སྐོར་ལ་གྲོས་བསྡུར་བྱ་གཞི་གནད་སྨིན་ལེགས་འདེམས་ཀྱིས་སློབ་ཁྲིད་བྱས་པ་རེད། “ཀྲི་པུའི་ཧྲུའུ་ཅིའི(ཁྲུའུ་ཀྲང)འཆད་སྟེགས”ཁག་དང་པོ་མཇུག་འགྲིལ་རྗེས། སློབ་ཁྲིད་ཀྱི་གྲུབ་འབྲས་ལ་གཞིགས་ནས་བྱེད་སྒོའི་ལྷུ་ཚིགས་ལེགས་སྒྲིག་དང་ལེགས་སུ་བཏང་བ་རེད། “ཀྲི་པུའི་ཧྲུའུ་ཅིའི(ཁྲུའུ་ཀྲང་)གླེང་སྟེགས”ཁག་གཉིས་པ་མཇུག་འགྲིལ་རྗེས་ངོ་ཐུག་གདོང་འཕྲད་ཀྱིས་ཁྱོན་ཡོངས་ལ“གདེང་འཇོག”བྱེད་པའི་བྱེད་ཐབས་ཐོག་ནས་གཙོ་སྐྱོང་བས་སློབ་ཁྲིད་མཁན་གྱི་གཏམ་བཤད་ཀྱི་ནང་དོན་དང་། སྐད་བརྡའི་བརྗོད་སྟངས། ཕྱོགས་བསྡུས་ཀྱི་བག་ཆགས། ས་གནས་ས་ཐོག་གི་ཕན་འབྲས་བཅས་ཕྱོགས་བཞི་ནས་གདེང་འཇོག་བྱས་ཏེ་སློབ་ཁྲིད་ཀྱི་རྩལ་ནུས་ཆེ་རུ་གཏོང་བ་དང་སློབ་ཁྲིད་ཀྱི་སྤུས་ཚད་འགན་ལེན་ལ་དམིགས་སའི་རང་བཞིན་གྱི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།