དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས།

    མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-22

    ཉེ་ཆར། མངའ་རིས་ས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་མངོན་མིན་རིག་གནས་ཤུལ་བཞག་མངའ་རིས་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་འགྲེམས་སྟོན་བྱས་ནས། རྒྱ་ཆེའི་དགེ་སློབ་ཚོས་མངའ་རིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཤེས་རྟོགས་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་ཀྱི་འདུ་ཤེས་ཟབ་ཏུ་འགྲོ་བ་བྱས་པ་རེད།

    བྱེད་སྒོ་སྤེལ་སར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་གླུ་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་སོགས་བྱས་ནས་སློབ་མ་དང་མང་ཚོགས་དང་སྤེལ་རེས་བྱས་པས་ཁོང་ཚོས་མངོན་མིན་རིག་གནས་ཤུལ་བཞག་དངོས་སུ་མྱོང་རོལ་ཐུབ་པ་བྱུང་ཡོད།

    མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་གྲོང་ཚོ་ནས་ཡིན་པའི་བསོད་ནམས་དབང་ཕྱུག་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“སྒྲ་སྙན་རྒོད་པོའི”མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཡིན་ཞིང་། ཁོང་གིས་དཀྲོལ་གཏོང་བྱས་པའི་རྒོད་པོའི་རོལ་དབྱངས་ལ་ལྟད་མོ་བའི་དགའ་བསུ་ཐོབ་ཡོད།

    “བྱེད་སྒོ་དེ་འདྲ་སྤེལ་བ་བརྒྱུད་མི་དེ་བས་མང་བས‘སྒྲ་སྙན་རྒོད་པོ’ཤེས་རྟོགས་དང་མངའ་རིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད”ཅེས་བསོད་ནམས་དབང་ཕྱུག་གིས་བཤད།

    གཞན་ཡང་སློབ་མ་དང་རྒྱ་ཆེའི་མང་ཚོགས་ཀྱིས་འགྲེམས་པང་ལ་བལྟས་ནས“གོར་རྩེ”དང་། “གར་མ་ཤོན” “སྒྲ་སྙན་རྒོད་པོ”སོགས་མངའ་རིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ནང་དོན་ཤེས་རྟོགས་ཐུབ་ནས་མང་ཚོགས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་ཕྱིན་པ་མ་ཟད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་བའི་འགན་འཁྲིའི་བསམ་པ་ཆེ་རུ་ཕྱིན་པ་རེད།

    མངའ་རིས་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་འཇིགས་མེད་ཚེ་རིང་གིས“དེ་རིང་རྒྱུན་འཛིན་པ་ཚོའི་འཁྲབ་སྟོན་བལྟས་རྗེས། དངོས་གནས་ཧང་སངས་བྱུང་ལ་ང་ཚོའི་མངའ་རིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཤེས་རྟོགས་ཐུབ་བྱུང་། སླད་ཕྱིན་ངས་སློབ་སྦྱོང་ཧུར་ཐག་བྱས་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཏེ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་མཁན་གྱི་ཕུགས་བསམ་ལྡན་པའི་གཞོན་ནུ་ཞིག་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།