དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞིས་རྩེ་གྲོང་ཁྱེར་གྱིས“བློ་རིག་འབྲོག་ལས་དངུལ་བུན”ཐོག་མ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-22

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི“བློ་རིག་འབྲོག་ལས་དངུལ་བུན”དང་གསོ་ཚགས་ལས་རིགས་ཀྱི་གསོན་ལུས་གཏའ་འཇོག་དངུལ་བུན་ཐོག་མ་དེ་པ་སྣམ་རྫོང་རྫོང་ཤར་གྲོང་ཚོར་བཏང་བ་སྟེ། པ་སྣམ་རྫོང་དབང་ལྡན་ཅོན་ཧྲན་བ་གསོ་རྟེན་གཞིར་དངུལ་བུན་སྒོར་ཁྲི་300བཏང་བ་རེད།

    འབྲོག་ལས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གལ་ཆེའི་ཐོན་ལས་ཤིག་རེད་ལ། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བའི་དམ་འཛིན་བྱ་གཞི་གལ་ཆེན་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་ཀྱང་རེད། “བློ་རིག་འབྲོག་ལས་དངུལ་བུན”ནི་ཞིང་འབྲེལ་རིག་ལྡན་རྣམ་པར་བརྟེན་པ་དང་། བརྙན་མིག གློག་རྡུལ་ར་སྐོར། སྐྱེ་དངོས་དབྱེ་འབྱེད་སོགས་ཟོག་འབྲེལ་དྲ་རྒྱའི་ཚན་རྩལ་བྱ་ཐབས་སྤྱོད་པ། དངུལ་བུན་གཏོང་ཡུལ་གྱིས་གསོ་ཚགས་བྱེད་པའི་ཕྱུགས་རིགས་རྒྱུ་ནོར་ལ་དྲ་ཐོག་ནས་ལྟ་སྐུལ་དོ་དམ་བྱེད་པ་བཅས་ཀྱི་གྲངས་འཛིན་ཅན་གྱི་ཡིད་རྟོན་དངུལ་བུན་ཐོན་རྫས་ཤིག་རེད། དེས་ཁག་ཐེག་བྱེད་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་དཀའ་བ་སོགས་ཀྱི་གསོ་ཚགས་དུད་ཚང་གི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས། ཕྱུགས་རིགས་གསོ་ཚགས་ལས་རིགས་འཕེལ་རྒྱས་འགྲོ་བར་དེ་བས་སྟབས་བདེ་བའི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་མཁོ་འདོན་བྱས་ཡོད།

    ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་མུ་མཐུད་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། བརྒྱུད་རིམ་ལེགས་སུ་གཏོང་བ། ལས་དོན་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ས་གནས་དེ་གའི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་ཁེ་ལས་སྣ་ཚོགས་དང་འབྲེལ་མཐུད་བྱས་ནས། ཁོངས་གཏོགས་ཀྱི་མངགས་ཐོ་སྐྱེལ་མཁན་གྲལ་བཤེར་བྱེད་རིམ་མགྱོགས་སུ་གཏོང་རྒྱུ་ཡིན། གཞིས་རྩེ་གྲོང་ཁྱེར་གྱི་འབྲོག་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ཏེ། “བློ་རིག་འབྲོག་ལས་དངུལ་བུན”ཁྱབ་གདལ་གཏོང་ཤུགས་ཆེ་རུ་དང་དངུལ་བུན་གཏོང་རྒྱ་མུ་མཐུད་ཆེ་རུ་བཏང་ནས། གཞིས་རྩེ་གྲོང་ཁྱེར་གྱི་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཞིང་ལས་དངུལ་ཁང་གི་སྟོབས་ཤུགས་དེ་བས་ཆེན་པོ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།