དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས།

    ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-22

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་ལྗང་མདོག་ཐཱན་ཉུང་རྒྱུན་འཁོར་འཕེལ་རྒྱས་ཀྱི་ཞིང་ལས་ཐོན་ལས་མ་ལག་བསྐྲུན་རྒྱུ་ལྟེ་བར་འཛིན་པ་དང་། ཞིང་ལས་ཐོན་ལས་དང་། ཐོན་ཁུངས་ཁོར་ཡུག གྲོང་གསེབ་སྤྱི་ཚོགས་བཅས་རྒྱུན་མཐུད་ཆོག་པ་དམིགས་ཡུལ་དུ་བྱེད་པ། ནུས་ཆེའི་ངང་ཐོན་ཁུངས་བེད་སྤྱོད་དང་། ཁོར་ཡུག་བཅོས་སྒྲིག སྐྱེ་ཁམས་སྲུང་སྐྱོང་བཅས་བྱ་རྒྱུ་གཙོ་གནད་དུ་བརྩི་བ། སྐྱེ་ལྡན་ནས་ཀྱི་ཞིང་ལས་ཐོན་རྫས་འཕེལ་རྒྱས་གཏོང་རྒྱུ་ལྟེ་བའི་ཐོན་ལས་སུ་བྱེད་པ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་རེད། མིག་སྔའི་བར། རྫོང་ཡོངས་སུ་སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔང་ཡིག་29བྱུང་བ་དང་། སྐྱེ་ལྡན་ཁས་ལེན་ཐོན་རྫས་འདེབས་ཁྱོན་མུའུ་ཁྲི་11.45ཟིན་པའི་ནང་། སྐྱེ་ལྡན་ཞིང་ལས་ཐོན་རྫས་འདེབས་ཁྱོན་མུའུ་ཁྲི་3ཟིན་ཡོད།

    ཆུ་ཤུར་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་ཤུར་རྫོང་གིས་2017ལོར་སྐྱེ་ལྡན་ཞིང་ལས་དཔེ་སྟོན་རྫོང་སྐྲུན་པའི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་ཡོད་ཅིང་། ཞིང་སྨན་དང་རྫས་ལུད་འགོག་པའི་གཉིས་འགོག་ལས་དོན་ཆབས་ཅིག་ཏུ་སྤེལ་ནས་རྨང་གཞིའི་ས་ཞིང་མུའུ་ཁྲི་7.72ལ་ཞིང་སྨན་དང་རྫས་ལུད་བེད་སྤྱོད་གང་ཡང་བྱས་མེད། 2022ལོར་རྒྱལ་ཁབ་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ་ཁག་གསུམ་པ་དང་རྒྱལ་ཁབ་ཞིང་ལས་དེང་རབས་ཅན་དཔེ་སྟོན་ཁུལ་བདེ་བླག་ངང་བསྐྲུན་པ་དང་། འདི་ལོ་སྐྱེ་ལྡན་ནས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་2དོན་འཁྱོལ་བྱུང་ཡོད།

    2015ལོར་ཆུ་ཤུར་གྲོང་རྡལ་ཆུ་ཕུ་གྲོང་ཚོར་གནས་པའི་ཆུ་ཤུར་ཆུ་ཕུ་ཐར་པ་གླིང་ནས་ནག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་ནས་བཟུང་། “ཏང་འཛུགས་སྐྱོང་+མཉམ་ལས་ཁང་+རྟེན་གཞི་+ཞིང་དུད”ཀྱི་བྱེད་སྟངས་སྤྱད་དེ་ཏང་འཛུགས་སྐྱོང་གཞི་རིམ་དུ་དོན་འཁྱོལ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ནུས་ལྡན་ངང་མང་དུ་བཏང་སྟེ་གྲོང་ཨུད་ཀྱི་བྱ་གཞག་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

    མཉམ་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་མཉམ་ལས་ཁང་གིས་རང་ཡུལ་གྱི་ལེགས་ཆ་སྔོག་འདོན་དང་འདོན་སྤེལ་གང་ལེགས་བྱས་པས། མིག་སྔར་མཐའ་འཁོར་གྱི་མང་ཚོགས་དུད་ཚང་421ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ནས་དུད་ཚང་རེར་འབབ་འཕར་སྒོར་1000ལྷག་ཙམ་བྱུང་བ་དང་། ལོ་རེར་གསར་དུ་སློབ་ཞུགས་ཐུབ་པའི་སློབ་གྲྭ་ཆེ་མོ་བ་རེར་འཚམས་འདྲིའི་དངུལ་སྒོར་1000སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།