དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།

    ཁྱོན་རྣམ་གྲངས་7ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་14.4གཏོང་རྒྱུའི་འདོད་མཐུན་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-22

    ཚེས་20ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ཆབ་མདོར་འཚོགས་པ་རེད། ཚོགས་འདུའི་ཐོག་ཁེ་ལས་ཀྱི་འཐུས་མི་དང་། རྫོང(ཆུས)ཁག་གི་འཐུས་མི། གྲོང་ཁྱེར་ཐད་གཏོགས་ཚན་པའི་འཐུས་མི་སོགས་མི་130ལྷག་ཙམ་འོས་སྦྱོར་ཚོགས་འདུར་ཞུགས་པ་དང་ཁྱོན་རྣམ་གྲངས་7ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་14.4གཏོང་རྒྱུའི་འདོད་མཐུན་བྱུང་ཡོད།

    ཚོགས་འདུའི་ཐོག་ཁྱོན་རྣམ་གྲངས་4ལ་གན་རྒྱ་བཞག་པ་སྟེ། དཔལ་འབར་རྫོང་གི་ཁ་བཏགས་བཟོ་གྲྭ་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་0.15གཏོང་རྒྱུ་དང་། པད་མ་གྲོང་རྡལ་སྒྲུབ་པ་གྲོང་ཚོའི་ས་ཆ་མུའུ་100ཡི་ཚོང་འགུགས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་7.3གཏོང་རྒྱུ། ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་2.45གཏོང་རྒྱུ། འཇོ་མདའ་རྫོང་ཆུ་གཉིས་མདོའི་དུས་ཐེངས་གཉིས་པའི་ཀྲའོ་ཝ་30ཡི་འགན་སྲུང་རང་བཞིན་གྱི་འོད་ཤུགས་གློག་གཏོང་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་2.05གཏོང་རྒྱུ་རེད། དེ་མིན་གྱི་རྣམ་གྲངས་3ལ་མ་དངུལ་སྒོར་དུང་ཕྱུར་2.45གཏོང་རྒྱུའི་གན་རྒྱ་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།