དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྱང་ཐང་ཡངས་པོར་ཤེས་དཔལ་དྲི་བཞོན་ལྡང་།

    ​ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-21

    འདི་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ལས་དོན་པས་ལས་ཀ་བྱེད་བཞིན་པ།

    རྒྱལ་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་ཀྱི་ཚོད་ལྟའི་རྫོང་ཞིག་གི་ངོས་ནས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས“དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ”བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་པ་དང་། “མཉམ་འདྲེས་བཞི”ལ་གཞི་ཚུགས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་མི་སེམས་ལ་ཟུག་པ་དང་། ཀུན་སེམས་གཅིག་ཏུ་སྒྲིལ་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་དྲིལ་བསྒྲགས་དང་། སློབ་གསོ། ཁྲིད་སྟོན། ཞབས་འདེགས་བཅས་བྱེད་པའི“མཐའ་མའི་འགག་གནད”ཏན་ཏིག་བསལ་ཡོད།

    ཐོན་ཁུངས་ཀྱི་སྟོབས་ཤུགས་མཉམ་དུ་བསྒྲིལ་ནས་རྩ་འཛུགས་སྟོབས་ཆེན་དང་ཕན་ནུས་ཆེ་རུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། སྙན་རོང་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)153བསྐྲུན་པ་དང་ལག་ལེན་ས་ཚིགས་182བཙུཌ་པས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་གཡུལ་སའི་ལྕགས་ཐག་ཆགས་ཏེ་བསམ་བློ་དྲིལ་བསྒྲགས་ལས་དོན་གྱི་གཡུལ་ས་སྲ་བརྟན་དང་རྒྱ་ཆེར་ཕྱིན་ཞིང་། རྫོང་ཨུད་ཀྱི་ཧྲུའུ་ཅིས་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅིས་སུའོ་ཀྲང་། གྲོང་ཚོ་དང་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅིས་ཀྲན་ཀྲང་བཅས་ཀྱི་འགན་འཁུར་བའི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་རྩ་འཛུགས་སྒྲིག་གཞི་ཞིག་བཙུགས་ཤིང་། རྫོང་ཨུད་དྲིལ་བསྒྲགས་པུའུ་དང་། ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས། གྲོང་ཚོ་དང་གྲོང་ལྷན་གྱི་བྱེད་སྒོ་ཁང་བཅས་ལ་བརྟེན་ནས་གཞུང་ལས་ཁང་དང་ལས་སྒྲུབ་ཆེད་དོན་ཚོགས་ཆུང་བཙུགས་ཏེ་ལས་འགན་གཅིག་ལྕོགས་དང་ཆེད་གཉེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་སྒྲུབ་ཅིང་། ལས་ཁུངས་ཀྱི་ལས་བྱེད་པ་དང་། ཁེ་ལས་ཀྱི་བཟོ་པ། འབྲོག་པ་མང་ཚོགས། རྒན་ཡོལ་ཞུས་པའི་ཏང་ཡོན། ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་སོགས་བསྡུས་ནས་དང་བླངས་ཞབས་ཞུའི་དཔུང་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ་དང་བླངས་ཞབས་ཞུའི་སྤྱི་ཁྱབ་རུ་ཁག་1དང་། དང་བླངས་ཞབས་ཞུའི་ཡན་ལག་རུ་ཁག་523བཙུགས་པ། དང་བླངས་པ་8012བསྡུས་པ་དེ་དག་གིས་རྫོང་ཡོངས་ཀྱི་མི་འབོར་གྱི་22%བཟུང་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་དང་བླངས་པའི་ཞབས་ཞུའི་དྲ་བའི་མ་ལག་ཅིག་ཆགས་ཡོད།

    འདི་ལོ་ནས་བཟུང་། རིམ་རྩིས་བྱས་ན་བྱེད་སྒོ་ཐེངས་ཁྲི་3.4སྤེལ་བར་མང་ཚོགས་མི་ཐེངས་ཁྲི་31ལ་ཕན་པ་ཐོབ་ནས། མང་ཚོགས་གང་དུ་ཡོད་པ་དེར་དང་བླངས་ཞབས་འདེགས་ཞུས་ཏེ། ས་ཁོངས་སུ་ཤུགས་རྐྱེན་ལྡན་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བསྟར་བའི་འབྲོག་ཁུལ་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

    མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་དཀའ་ངལ་བསལ་ཏེ་ཞི་མཐུན་ལ་སྐུལ་འདེད་བཏང་བ།

    “མང་ཚོགས་ཀྱིས་མངགས་ཐོ་འགོད་པ་དང་། ལྟེ་གནས་ཀྱིས་མངགས་ཐོ་སྤྲོད་པ། དང་བླངས་ཞབས་ཞུ་རུ་ཁག་གིས་མངགས་ཐོ་རྩིས་ལེན་པ། ཞབས་འདེགས་ཞུ་ཡུལ་གྱིས་མངགས་ཐོར་དཔྱད་བསྡུར”བཅས་ཀྱི་ཞབས་འདེགས་ཞུ་སྟངས་ལ་བརྟེན་ནས“མངགས་ཐོའི་ཞབས་འདེགས”རྣམ་གྲངས་ཀྱི་ལས་ཀ་བྱེད་ཐབས་བཞི་ཆགས་པར་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་སྐོང་བ་དང་། མང་ཚོགས་ལ་ཞབས་འདེགས་གནད་སྨིན་ཞུ་བ། ཞབས་འདེགས་ཞུ་ཡུལ་གྱི་ལྟ་སྐུལ་དང་ལེན་བཅས་བྱེད་ཐུབ་ཡོད། “མངགས་ཐོའི་ཞབས་འདེགས”ཞུ་འགོ་ཚུགས་ཚུན། ཞབས་ཞུའི་རྣམ་གྲངས་དེ་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་སློབ་ཁྲིད། ཁང་པ་གསར་རྒྱག་དང་ཉམས་བཟོ། དམངས་ཕན་སྲིད་ཇུས་དྲིལ་བསྒྲགས། སྨན་བཅོས་དང་སློབ་གསོའི་རོགས་སྐྱོར་སྒོ་རྩར་སྤེལ་བ། རིག་རྩལ་འཁྲབ་སྟོན་བཅས་ནས་འབྲོག་པ་མང་ཚོགས་ལ་ཕྱུགས་འཚོ་རོགས་དང་། འོ་མ་འཇོ་རོགས། འཕྲལ་མར་རོགས་སྐྱོབ། སྨན་བཅོས་རོགས་སྐྱོབ་སོགས་བར་རྒྱ་བསྐྱེད་ནས་དང་བླངས་ཞབས་ཞུའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

    ཐོག་མར་ལྗོངས་ཡོངས་སུ་གྲོས་འགོའི་ཡི་གེ་བཏོན་པ་དང་མངགས་ཐོའི་ཞབས་ཞུའི་འབྲེལ་གཏུག་ཁ་པར་ཨང་གྲངས་ཡོངས་བསྒྲགས་བྱས་པ་མ་ཟད། དང་བླངས་ཞབས་ཞུ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ། “གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འབུངས་བྱེད”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། སློབ་གྲྭ་ཆེ་མོ་བ་340ཡིས་ཐག་ཉེ་ས་དང་སྟབས་བདེ་སར་དང་བླངས་པའི་དཔུང་ཁག་ལ་ཞུགས་པ་དང་། ལས་བྱེད་ལས་བཟོའི་དང་བླངས་པ“མྱུར་སྐྱེལ་བ”དང“ཁན་སྦྱར་དམར་པོ་བར”གྱུར་ཅིང་། “མངགས་ཐོའི་ཞབས་འདེགས”ཞུས་ཚུན་བྱེད་སྒོ་ཐེངས་2780གཉེར་ཡོད།

    བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་ཟུང་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སྤུས་རྟགས་བཏོད་པ།

    སྙན་རོང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་རུ་ཁག་གཞི་རྟེན་དུ་བྱས་ནས་དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བ་དང་གཅིག་སྡུད་སྒྲོག་འགྲེལ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སྣེ་ཁྲིད་དེ“སློབ་སྦྱོང”དང་། རྫོང་རིམ་པའི་ལས་བྱེད་པས“མཛུབ་ཁྲིད” རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བས་ཆེད་དོན“སྦྱོང་བརྡར” གཞི་རིམ་གྱི་སྒྲོག་འགྲེལ་བས་མང་ཚོགས་ལ“སློབ་ཁྲིད” སྲོལ་རྒྱུན་དང་གསར་དར་སྨྱན་སྦྱོར་གྱིས་མཉམ་དུ“གཏོང་སྤེལ་བ”བཅས་ཀྱི་སྒྲོག་འགྲེལ་ཆེན་པོའི་ལས་དོན་གྱི་རྣམ་པ་ཞིག་ཆགས་ཡོད།

    འདི་ལོ་ཚུན་དུ། སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་ཐེངས་8200ལྷག་ཙམ་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་19.7ལ་སློབ་གསོ་ཐེབས་ཡོད་པ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱེད་པའི་གཅིག་བསྡུས་གསོ་སྦྱོང་དང་། ཆེད་དོན་འཆད་ཁྲིད། སྐོར་སྐྱོད་ཟུར་ཁྲིད། དཔེ་སྟོན་སྒྲོག་འགྲེལ་བཅས་ཐེངས་21བྱས་པ་དང་། རྫོང་ཨུད་ཏང་གི་སློབ་གྲྭས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་11གཉེར་ནས་མི་ཐེངས་833གསོ་སྦྱོང་བྱས་པ། རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་གཞི་རིམ་སྒྲོག་འགྲེལ་བ་284དང་ཤེས་དཔལ་ལག་ལེན་ལས་དོན་པ་330སྒྲིག་འཛུགས་བྱས་ནས་གསོ་སྦྱོང་ཐེངས་2བྱས་ཏེ། གཞི་རིམ་གྱི་ལས་བྱེད་ལས་བཟོ་དང་སྒྲོག་འགྲེལ་བའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་སྒྲོག་འགྲེལ་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ཡོད། ཞིང་འབྲོག་པའི་སྒྲོག་འགྲེལ་བ་20དང་། “གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འབུངས་བྱེད”པའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་འགྲན་བསྡུར་དང་གཏམ་རྒྱུད་ཤོད་པའི་འགྲན་བསྡུར་ལ་གྲོང་ཁྱེར་དང་རྫོང་རིམ་པའི་བྱ་དགའ་ཐོབ་མཁན་གྱི་འཐུས་མི་3 འཐབ་ཕྱོགས་གཅིག་གྱུར་པུའུ་དང་། སློབ་གསོ་པུའུ། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་སོགས་རྫོང་ཐད་གཏོགས་ལས་རིགས་ཀྱི་སྡེ་ཚན་5ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཁག་བགོས་བཅས་བྱས་ནས་སྒྲོག་འགྲེལ་བྱས་ཏེ། ཏང་གི་བྱེད་ཐབས་དང་སྲིད་ཇུས་ཁག་ཤང་དང་གྲོང་རྡལ་དང་། གྲོང་ཚོ་དང་གྲོང་ལྷན། དུད་ཚང་བཅས་ཀྱིས་གསལ་པོ་ཤེས་པར་སྐུལ་འདེད་བཏང་བ་རེད།

    འབད་འབུངས་བྱེད་སྒོ་དང་ཟུང་འབྲེལ་་བྱས་ནས་དམངས་སེམས་གཅིག་སྒྲིལ་དང་འཇོན་ཐང་ཆེ་རུ་ཕྱིན་པ།

    “གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འབུངས་བྱེད”པའི་བྱེད་སྒོ་སྤེལ་ཚུན། སྙན་རོང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)ཁག་གིས། སྲིད་ཇུས་དང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་དང་བླངས་རུ་ཁག་གིས་ནུས་ཤུགས་གཙོ་བོ་དང་ཞབས་ཞུའི་རུ་ཁག་གཞན་དག་རང་འགུལ་ངང་ཞུགས་ནས་གྲོང་ཚོ་དང་། དགོན་སྡེ། སློབ་གྲྭ འབྲོག་དུད་བཅས་སུ་བསྐྱོད་དེ། “གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འབུངས་བྱེད”པའི་བྱེད་སྒོར་ཁྱོན་ཡོངས་དང་ཞིབ་ཚགས་པའི་འགྲེལ་བཤད་བརྒྱབ་པ་དང་སྦྲགས། འཕྲལ་སྡོམ་རྒྱང་བསྒྲགས་ཁོངས་གཏོགས་དང་སེམས་མཐུན་སྐད་འཕྲིན་བརྒྱུད་དྲིལ་བསྒྲགས་ཀྱི་རྒྱ་ཁྱོན་སླར་ཡང་ཆེ་རུ་བཏང་སྟེ། ཐག་རིང་ཡུལ་གཞན་དུ་ཡོད་པའི་གནས་སྤོས་དུད་ཚང་ལ་ཡང་བྱེད་སྒོའི་ནང་དོན་རྟོགས་སུ་བཅུག་ནས། རྒྱ་ཆེའི་འབྲོག་པ་མང་ཚོགས་ལ“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འབུངས་བྱེད”པའི་བྱེད་སྒོར་ཧུར་ཐག་ཞུགས་དགོས་པའི་སྐུལ་སློང་དང་ལྕག་སྐུལ་བྱས་ཡོད།

    འདི་ལོ་སྤེལ་བའི་ནག་ཆུ་གྲོང་ཁྱེར་གྱི“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འབུངས་བྱེད”པའི་བྱེད་སྒོ་སྐབས་གཉིས་པར་རིམ་ཁག་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སྒྲིག་གཞིས་ཁྱོན་དྲིལ་བསྒྲཌ་དང་སྒྲོག་འགྲེལ་བྱེད་སྒོ་ཐེངས་68སྤེལ་བར་རིམ་རྩིས་བྱས་ན་དང་བླངས་པ་མི་ཐེངས་6400ལྷག་ཙམ་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།