རིམ་རྩིས་བརྒྱབ་ན་འདི་ལོ་ནས་བཟུང་རང་ལྗོངས་ཀྱིས་ནོར་སྲིད་ཀྱི་གསོག་འབོར་མ་དངུལ་སྒོར་དུང་ཕྱུར་126.99བསྡུས་པ།
གསར་འགོད་པར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་རིམ་ཁག་མི་དམངས་དངུལ་ཁང་གིས་ནོར་སྲིད་སྡེ་ཚན་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་ནོར་སྲིད་ཀྱི་གསོག་འབོར་མ་དངུལ་གང་འགབ་ཅི་སྤྱོད་ཀྱི་ལས་དོན་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཤིང་། ཟླ་བ་བདུན་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱིས་ནོར་སྲིད་ཀྱི་གསོག་འབོར་མ་དངུལ་སྒོར་དུང་ཕྱུར་126.99མཛོད་ཁང་དུ་བཅུག་ཡོད།
ནོར་སྲིད་ཀྱི་གསོག་འབོར་མ་དངུལ་གང་འགབ་ཅི་སྤྱོད་བྱེད་པ་ནི་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་འདོན་སྤེལ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། དེས་ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད། འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་རིམ་ཁག་མི་དམངས་དངུལ་ཁང་དང་ནོར་སྲིད་སྡེ་ཚན་གྱིས་ནོར་སྲིད་ཀྱི་མ་དངུལ་གང་འགབ་ཅི་སྤྱོད་བྱ་རྒྱུ་དེ་གསོག་འབོར་མ་དངུལ་བསྡུ་བའི་དོན་ལ་བབས་སར་བརྩིས་ཏེ་ནོར་སྲིད་ཀྱི་གསོག་འབོར་མ་དངུལ་མཛོད་འཇུག་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད་པ་རེད།