དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2023ལོའི་ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་ལ་གཅིག་སྡུད་གན་འཇོག་གི་མཛད་སྒོ་འཚོགས་པ།

    རྣམ་གྲངས་32ལ་གན་རྒྱ་བཞག་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་130.56ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-19

    འདི་ནི་ཚེས་17ཉིན་གྱི་སྔ་དྲོ་ཞོ་སྟོན་གྱི་མིག་མངས་འགྲན་བསྡུར་ཐོག་བདམས་ཐོན་པ་ཚོས་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་ཚེས་16ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་འཁྲབ་སྟོན་པ་ཚོས་ལྷ་མོ་འཁྲབ་བཞིན་པ།

    ཟླ་8ཚེས་17ཉིན་གྱི་སྔ་དྲོར། 2023ལོའི་ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་ལ་གཅིག་སྡུད་གན་འཇོག་གི་མཛད་སྒོ་འཚོགས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་མོང་ཉིའུ་ཚོགས་པས་ལྷ་ས་གྲོང་ཁྱེར་གྱི་དཀར་ཆུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་སྟོད་ལུང་བདེ་ཆེན་ཆུས་སོགས་རྫོང(ཆུས)གིས་ཧྲན་ཏུང་ཅིའུ་ཤིན་སྐྱེ་དངོས་ལས་གྲྭ་ཚད་ཡོད་ཀུང་སི་སོགས་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད། ས་ཆ་དངོས་སུ་ཁྱོན་རྣམ་གྲངས་32ལ་མིང་རྟགས་བཀོད་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་130.56ཟིན་པ་རེད།

    2023ལོར་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ཚོགས་ལ་ཕྱོགས་ནས་ཚོང་འགུགས་མ་འདྲེན་རིགས་ཆེ་གྲས་6གི་གཟིགས་སྐྱོང་སྲིད་ཇུས་ཁག་30གཅིག་སྡུད་ཐོག་ཁྱབ་བསྒྲགས་བྱས་ཏེ། ཁེ་ལས་ལ་མ་གནས་གཅོག་རོགས་དང་། ཁེ་ལས་ལ་འཇུར་མིག་སེལ་རོགས། ཁེ་ལས་ལ་གཞི་ཁྱོན་ཆེ་རུ་གཏོང་རོགས། ཁེ་ལས་ལ་ཕན་པ་བཏགས་ནས་ཕན་འབྲས་མཐོ་རུ་གཏོང་བ་བཅས་ཀྱི་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”བཏོན་ཡོད། ལྷ་ས་གྲོང་ཁྱེར་གྱིས“བཤད་པ་སྒྲུབ་པ་དང་འཐུས་སྒོ་ཚང་ལ་ངང་རྒྱུད་རིང་བའི”ཞབས་ཞུའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་བྱེད་སྒོ་སྤེལ་ཡུལ་དུ་ཁག་དང་པོའི་ཚོང་འགུགས་མ་འདྲེན་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་5561.01སྤྲད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཚོང་འགུགས་མ་འདྲེན་གྱི་ཕོ་ཉ་ཐོག་མར་གདན་ཞུ་བྱས་པ་དང་འབྲེལ། ཚོང་འགུགས་མ་འདྲེན་གྱི་ཕོ་ཉ་ཁག་དང་པོར་གདན་ཞུའི་ཡི་གེ་སྤྲད་ནས་ཁེ་ལས་མཁས་ཅན་དེ་བས་མང་བས་སྦྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་བཏོན་ཏེ། ལྟེ་བའི་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་སྦྲེལ་ཐག་དང“མགྲིན་ཚབ་པ”ཡག་པོ་བྱེད་རྒྱུའི་རེ་བ་ཡོད། དེ་ནི་ལྷ་ས་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ཁྲོམ་ར་ཅན་དང་ཆེད་ལས་ཅན་གྱི་ཚོང་འགུགས་མ་འདྲེན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།

    གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་ཤུགས་ཚད་དེ་བས་ཆེ་བ་དང་དེ་བས་ཏན་ཏིག་གི་བྱེད་ཐབས་ལ་བརྟེན་ནས་ཁེ་ལས་ལ་བློ་བདེ་བག་ཕེབས་ངང་འཕེལ་རྒྱས་གཏོང་བའི་མ་འཇོག་ཁོར་ཡུག་ཅིག་གཏོད་པ་དང་། དེ་བས་ལེགས་པའི་ཞབས་ཞུ་དང་དེ་བས་མཐོ་བའི་ལས་ཕྱོད་ལ་བརྟེན་ནས་གན་འཇོག་རྣམ་གྲངས་སྔ་ཙམ་དོན་འཁྱོལ་དང་། སྔ་ཙམ་ལས་འགོ་འཛུགས་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་གཏོང་བ། དེ་བས་ཆེ་བའི་གཟིགས་སྐྱོང་སྲིད་ཇུས་དང་དེ་བས་འཐུས་སྒོ་ཚང་བའི་འགན་ལེན་ལ་བརྟེན་ནས་ཁེ་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་ལས་སྟེགས་ཆེན་པོ་མཁོ་འདོན་བྱས་ཏེ“བོད་ལ་མ་རྩ་འཇོག་པར་སྔོན་ལ་ལྷ་ས་འདེམས་པ”དེ་ཁེ་ལས་མཁས་ཅན་དེ་བས་མང་བའི་གདམ་གར་འགྱུར་བར་བྱེད་རྒྱུ་བཅས་རེད། ལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་དེ་བས་མང་བ་ལྷ་སར་སྐྱོད་པ་དང་། ལྷ་ས་ཤེས་རྟོགས་བྱེད་པ། ལྷ་སར་མ་འཇོག་བཅས་བྱེད་པར་གདན་དྲངས་ནས་ཁེ་ལས་ཀྱི་ཁེ་སྤོགས་དང་ས་གནས་འཕེལ་རྒྱས་གཉིས་ཀར་ཕན་པ་ཐོབ་པར་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།