རྣམ་གླིང་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།
ཉེ་ཆར་རྣམ་གླིང་རྫོང་ཨུད་ཏང་གི་སློབ་གྲྭས་རྫོང་ཁྲིམས་འཛིན་ཅུས་དང་མཉམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།
ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ། སྲིད་འཛིན་ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་བཅའ་ཁྲིམས། སྲིད་འཛིན་ཁྲིམས་འཛིན་བཅའ་ཁྲིམས། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་ལན་འདེབས་དངོས་སྒྲུབ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་། སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་སོགས་སྐོར་གྱི་ནང་དོན་ཆེད་མངགས་འཆད་ཁྲིད་བྱས་པ་མ་ཟད། ད་དུང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པ་མཐའ་གཅིག་ཏུ་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རྫོང་ཡོངས་ཀྱི་གཙོ་གནད་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་སློབ་གསོ་བཏང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱས་པ་རེད།
གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་གཞན་གྱི་སྣེ་ཁྲིད་དེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱས་ཏེ། རང་རྟོགས་ངང་ཁྲིམས་སྐྱོང་གི་དད་སེམས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གི་མཐའ་ཚད་བརྟན་དུ་གཏོང་བ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བློ་བརྟན་འགྱུར་མེད་ངང་དད་མོས་དང་ལྷག་བསམ་ཟོལ་མེད་ངང་ལག་ལེན་བསྟར་མཁན་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་དེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་ལས་ཀའི་ཕན་འབྲས་དངོས་ལ་ཏན་ཏིག་སྒྱུར་བ་བཅས་བྱས་ནས། རྣམ་གླིང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།