དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འགྲོ་བ་དགོན་གྲོང་རྡལ་གྱིས་གྲོང་ཚོ་གཞན་ནས་ཐབས་མཆོག་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-17

    ཉེ་ཆར་འགྲོ་བ་དགོན་གྲོང་རྡལ་གྱིས“གྲོང་ཚོ་གཞན་ནས་ཐབས་མཆོག་ལེན་པའི”འཆར་གཞི་ལག་ལེན་བསྟར་རྗེས་འབྲེལ་ཡོད་མི་སྣ་བྲག་ཡིབ་ཆུས་དང་། ཀླུ་ནང་གྲོང་རྡལ། སྤོ་བོ་རྫོང་བཅས་སུ་ལྟ་སྐོར་ལ་བསྐྱོད་དེ། གཞི་རིམ་བཅོས་སྐྱོང་དང་། མཉམ་སྡེབ་དཔལ་འབྱོར། ཡུལ་སྐོར་ལས་རིགས་འཕེལ་རྒྱས་སོགས་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་འགྲོ་བ་དགོན་གྲོང་རྡལ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ཐབས་མཆོག་བླངས་ཡོད།

    བྲག་ཡིབ་ཆུས་པད་མ་སྒང་སྡེ་ཁུལ་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་པད་མ་སྒང་སྡེ་ཁུལ་དུ་འགྲོ་བ་དགོན་གྲོང་རྡལ་གྱི་ལྟ་སྐོར་བྱེད་མཁན་གྱིས་དོགས་འདྲི་འཆང་བཞིན་ས་ཆ་དངོས་སུ་ལྟ་སྐོར་དང་། འཆད་ཁྲིད་ཉན་པ། སྤེལ་རེས་བཞུགས་མོལ་སོགས་ཀྱི་བྱེད་སྟངས་སྤྱད་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་རྩ་འཛུགས་ཀྱི་གྲུབ་ཆའི་མ་ལག་ཤེས་རྟོགས་གསལ་པོ་བྱས་ཡོད།

    རྒྱལ་ལམ་318རྒྱུད་ཀྱི་ཀླུ་ནང་གྲོང་རྡལ་དོ་དམ་ཨུ་ལྷན་གནས་སའི་བཀྲ་ཤིས་སྒང་གྲོང་ཚོར་སློབ་སྦྱོང་ནང་ཞུགས་མཁན་ཁོངས་མིས་གྲོང་ཚོ་དེའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་རྒྱུས་མངའ་གཏིང་ཟབ་ལོན་པར་བྱས་པ་མ་ཟད། ཉམས་མྱོང་བཟང་པོ་བསྡུ་རུབ་གང་ལེགས་བྱས་ནས་འགྲོ་བ་དགོན་གྲོང་རྡལ་གྱི་ཞོལ་ཉི་གྲོང་ཚོ་དང་། དགྲ་ལྷ་གྲོང་ཚོ། གཤོང་མཇུག་གྲོང་ཚོ་སོགས་ཀྱི་ལམ་རྒྱུད་གྲོང་ཚོར“219”ཡུལ་སྐོར་གྱི་འཆར་འགོད་ནང་ཞུགས་པའི་འཆར་གཞི་སྔོན་ནས་བཏིང་བ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ། མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།