གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད།
འདི་ནི་2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
གྲོང་གསེབ་དར་རྒྱས་ནི་ཤེས་ལྡན་པར་བརྩི་འཇོག་དང་། ཤེས་ལྡན་པ་གསོ་སྐྱོང་། རང་ཡུལ་གྱི་རིགས་ཁག་གི་ཤེས་ལྡན་པ་འབུར་ཐོན། དུས་རབས་གསར་པར་བྱས་རྗེས་འཇོག་པ་བཅས་ཀྱི་ལས་སྟེགས་རེད།
ནག་ཆུ་མདུན་སྐྱོད་ནི་དུས་རབས་གསར་པའི་བོད་བྱང་ཐང་མི་རིགས་ཁག་གི་བུ་ཕྲུག་གིས་འབད་བརྩོན་ལྷོད་མེད་དང་གཞན་གྱི་སྔོན་ལ་སྐྱོད་ཕོད་པར་བྱས་ནས་བསམ་པའི་ཉམས་འགྱུར་མངོན་པར་བྱེད་པ་ཞིག་རེད།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་རབས་གསར་པར་ཇི་ལྟར་བྱས་ནས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་དང་། སྒྱུར་འཕེལ་བརྟན་གསུམ་གྱི་གདིང་རྩའི་གནད་དོན། མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱེད་པའི་དངོས་ཡོད་གནད་དོན་བཅས་ལ་གཞི་ཚུགས་ནས་མང་ཚོགས་ཀྱི་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ཏེ། མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་འགོ་འཛུགས་པར་བྱེད་པ་དང་། རིག་རྩལ་རིག་གནས་རིགས་དང་། སྐད་ཡིག་རིགས། རྒན་པས་གཞོན་པའི་སྣེ་ཁྲིད་པའི་རིགས། ཐོན་སྐྱེད་རྩལ་ནུས་རིགས་བཅས་ཁག་ཆེན་པོ་བཞི་དང་། རིགས་ཆེ་གྲས་ཁག་14 རྣམ་གྲངས་29བཅས་ཀྱི་ཞིབ་ཕྲའི་འགྲན་བསྡུར་གཞི་རྟེན་དུ་བྱས་ཏེ། གྲོང་ཁྱེར་ཡོངས་སུ“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཀྱི་བརྗོད་དོན་གཙོ་བོའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་བར་མང་ཚོགས་ཞུགས་ཚད་དང་། དོ་ཁུར་བྱེད་ཚད། བློ་ཡིད་ཚིམ་ཚད་བཅས་སྔར་འབྱུང་མྱོང་མེད། འགྲན་སློབ་བསྙེག་བརྒལ་གྱི་རྣམ་པ་བཟང་པོ་ཞིག་ཐོན་པ་དང་། བོད་བྱང་ཐང་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་། ཕྱར་བ་གྲུ་འདེགས་ཀྱིས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པ་བཅས་ཀྱི་དུས་རབས་ཀྱི་ངར་སྒྲ་བསྒྲགས་ནས། ནག་ཆུའི་ལྷག་བསམ་རྣམ་དག་དང་། ནག་ཆུའི་བྱ་སྤྱོད། ནག་ཆུའི་ཉམས་འགྱུར། ནག་ཆུའི་བག་ཆགས་བཅས་གང་ལེགས་མངོན་པར་བྱས་ཡོད།
སྐབས་འདིའི་རྟ་རྒྱུག་དུས་ཆེན་གྱིས“ནག་ཆུ་གསར་པར་འབད་འབུངས་བྱེད། དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྲོལ་རྒྱུན་གྱི་རྟ་རྒྱུག་དུས་ཆེན་དེ“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་དང་མཉམ་འདྲེས་གཏིང་ཟབ་བྱས་པ་དང་དེ་བཞིན་ཕུལ་བྱུང་གི་རིག་རྩལ་འཁྲབ་སྟོན་དང་། ཚོང་འདུས། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། ཚོང་འགུགས་མ་འདྲེན་དང་ངོ་འཕྲད་གྲོས་མོལ། འབད་འབུངས་ཡར་བརྩོན་གྱི་གྲུབ་འབྲས་འགྲེམས་སྟོན་སོགས་གཅིག་ཏུ་བསྡུས་ཏེ། ནག་ཆུའི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། བོད་བྱང་ཐང་གི་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། དུས་རབས་གསར་པའི་ནག་ཆུའི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཁམས་བདེ་དང་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་གསར་པ་བཅས་གང་ལེགས་མངོན་པར་བྱས་ཏེ། མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བོད་བྱང་རྩྭ་ཐང་དུ་ཡུན་ནས་ཡུན་དུ་བཞད་པར་བྱས་ནས་འབད་འབུངས་མདུན་སྐྱོད་ཀྱི་གླུ་གཞས་བྱང་ཐང་ས་གཞི་ཆེ་མོར་བླངས་ཐོག ནག་ཆུ་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲང་བ་དང་། སེམས་ནུས་ཡོད་རྒུས་འཕེལ་རྒྱས་དོན་གཉེར་བྱེད་པ། འབད་འབུངས་མདུན་སྐྱོད་ཀྱིས་བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་དུས་རབས་ཀྱི་ངར་སྒྲ་བསྒྲགས་ཡོད།
རྟ་རྒྱུག་དུས་ཆེན་རིང་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གཉིས་པའི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ནང་བྱ་དགའ་ཐོབ་མཁན་མང་ཚོགས་ཀྱི་འཐུས་མིར་གཟེངས་བསྟོད་གཟབ་རྒྱས་བྱས་ཤིང་། རྟ་རྒྱུག་ཐང་དུ་ཕོ་མོ་རྒན་གཞོན་ཚོས་ཁ་བཏགས་འཁྱེར་ནས་རུ་སྟར་རིང་པོ་བསྒྲིགས་ཏེ་རང་གིས་དད་མོས་བྱེད་པའི་རྩྭ་ཐང་ཐོག་གི“དཔའ་བོར”དགའ་སྟོན་རྟེན་འབྲེལ་ཞུས་པ་དང་ཉེ་འཁོར་གྱི་ཕུལ་དུ་བྱུང་བའི་ངལ་རྩོལ་པར་དགའ་སྐྱེལ་ཞུས་པ་རེད།
འདི་ནི་2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གཉིས་པ་འགོ་ཚུགས་པ།
འདི་ནི་མང་ཚོཊ་ཀྱིས་སྲོལ་རྒྱུན་གྱི་རྩལ་ནུས་ངོམ་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གྱི་མང་ཚོགས་ཀྱིས“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོའི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ནང་ཨང་དང་པོ་ཐོབ་མཁན་མང་ཚོགས་ཀྱི་འཐུས་མིར་དགའ་སྐྱེལ་ཞུ་བཞིན་པ།
འདི་ནི་རྟ་རྒྱུག་དུས་ཆེན་ལ་ཞུཊ་མཁན་མང་ཚོཊ“ནག་ཆུ་ནས་ཁྱེད་དྲན་བཞིན་ཡོད”ཅེས་བྲིས་པའི་གྱང་གི་འགྲམ་ནས་སྐྱོད་བཞིན་པ།
འདི་ནི་རྟ་རྒྱུག་གི་རྩལ་འགྲན་བཞིན་པ།
འདི་ནི་ཐག་པ་འཐེན་བཞིན་པ།
འདི་ནི་2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོའི་རྩལ་ནུས་འགྲན་བསྡུར་བྱ་ཡུལ་ཡིན་པ།