དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གཡང་ཤོད་ཤང་མངགས་གཏོང་ཁང་གིས།

    བརྩེ་བ་ཟབ་མོས་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་ཡུལ་སྐོར་ལ་ཞབས་འདེགས་ཞུས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-16

    ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གཡང་ཤོད་ཤང་མངགས་གཏོང་ཁང་གིས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་དེ་སྤྱི་བདེའི་ལས་དོན་ལ་ཚད་འཇལ་དང་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ཐོག “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དེ་ཡུལ་སྐོར་ལ་ཞབས་འདེགས་ཞུ་བའི་དོ་དམ་ཁྲོད་ལག་བསྟར་བྱས་ནས། “དམ་པོར་དམིགས་པ་བཞི”དང་། “གནས་སར་འབྱོར་པ་ལྔ” “རྒྱུན་རྣམ་ཅན་དྲུག”བཅས་ཀྱི་ཡུལ་སྐོར་ལ་ཞབས་འདེགས་ཞུ་བའི་དོ་དམ་ལས་དོན་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ་རེད།

    མངགས་གཏོང་ཁང་གི་ལས་དོན་པས་ཡུལ་སྐོར་བའི་ཁྲོད་ཀྱི་རྒན་རྒོན་དང་། ཉམ་ཞན། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་ཀྱི་ཚོགས་སྤྱིར་དམ་པོར་དམིགས་པ་དང་། ལ་དུག་ཕོག་སླ་བ་དང་ཡང་ན་ནད་གཞི་གཞན་ཕོག་སླ་བའི་ཚོགས་སྤྱིར་རང་འགུལ་ངང་དོ་ཁུར་དང་རྒྱུས་ལོན་བྱས་ཤིང་། གལ་སྲིད་ཡུལ་སྐོར་བ་གཟུགས་པོ་བདེ་པོ་མེད་ཚེ་དུས་ཐོག་ཏུ་སྨན་པ་བསྟེན་དུ་བཅུག་པའམ་ཡང་ན་འཕྲོད་བསྟེན་སྡེ་ཚན་ལ་འབྲེལ་གཏུག་བྱས་པ་དང་། གཙོ་གནད་དུས་ཚིགས་ཁག་ལ་དམ་པོར་དམིགས་ཤིང་། དབྱར་དགུན་གཉིས་རིང་ལ་མཛེས་ལྗོངས་ཁུལ་དང་། ཁོངས་གཏོགས་ཁུལ། རྒྱལ་ལམ་558ཀྱི་ལམ་ཐིག་བཅས་སུ་སྐོར་ཞིབ་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། བདེ་འཇགས་ཀྱི་དྲིལ་བསྒྲགས་དྲན་སྐུལ་སོགས་ཀྱི་ལས་དོན་སྤེལ་བ། གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཤིང་། བསམ་ཕུ་མཛེས་ལྗོངས་ཁུལ་དང་དེའི་མཐའ་འཁོར་གྱི་རོགས་འབོད་ཞུ་མང་བའི་ས་ཁོངས་ལ་ཉེན་ཁའི་གནས་ཚུལ་མ་བྱུང་སྔོན་འགོག་བྱས་པ། གཙོ་གནད་དུས་མཚམས་ལ་དམ་པོར་དམིགས་ཤིང་། མཚན་མོ་ནི་ཉེན་ཁའི་གནས་ཚུལ་ཐོན་མང་བའི་དུས་ཚོད་གཙོ་བོ་ཞིག་ཡིན་པས། མཚན་མོར་མཛེས་ལྗོངས་ཁུལ་དུ་སྐོར་ཞིབ་བྱེད་མང་དུ་བཏང་ནས་ཉིན་མཚན་དབྱེར་མེད་དུ་རོགས་སྐྱོབ་ཞབས་ཞུ་སྤེལ་ནས་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་པ་རེད།

    མངགས་གཏོང་ཁང་གིས་ཁྲིམས་སྐྱོང་དང་བདེ་འཇགས་སྐོར་ལ་རྒྱུན་རྣམ་ཅན་གྱི་སློབ་གསོ་སྤེལ་ནས་ཡུལ་སྐོར་བའི་ཁྲིམས་སྐྱོང་འདུ་ཤེས་དང་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་ཞིང་། མཛེས་ལྗོངས་ཁུལ་གྱི་འཛུལ་སྒོ་དང་མཛེས་ལྗོངས་ཁུལ་གྱི་མཚོ་འགྲམ་སོགས་མངོན་གསལ་དོད་སར་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་། རི་སྐྱེས་སྲོག་ཆགས་ཀྱི་འཇབ་རྒོལ་ལ་འགོག་ཟོན། ཉེན་གཏོང་རོགས་འབོད་ཁ་པར་ཨང་གྲངས་སོགས་ནང་དོན་མི་འདྲ་བའི་བདེ་འཇགས་ཉེན་སྟོན་བྱང་བུ་40ལྷག་ཙམ་བཙུགས་པ་དང་། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་རྒྱུན་རྣམ་ཅན་གྱིས་འཛུགས་སྐྱོང་བྱས་ནས། མི་32ལས་གྲུབ་པའི་མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་སྲིད་འཛིན་གྲོང་ཚོའི་མཉམ་འགོག་མཉམ་བཅོས་ཀྱི་དཔུང་ཁག་བཙུགས་པ། རྒྱུན་རྣམ་ཅན་གྱིས་སྤྱི་ཚོགས་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཀྱིས་བཙུགས་ཏེ། འཕྲལ་སྡོམ་ཐོལ་རྐྱེན་ཐག་གཅོད་ལས་དོན་ལ་ཁྱོན་ཡོངས་ནས་རོགས་ལས་བྱེད་པའི་ཕུགས་ཕན་བཅོས་སྐྱོང་གི་ལམ་སྲོལ་ཤུགས་ཆེར་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།