དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཞིང་འབྲོག་སློབ་གླིང་དང་བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱིས།

    བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་སློབ་ཐོན་སློབ་མའི་སློབ་རའི་གདན་ཞུའི་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-16

    ཉེ་ཆར། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་ཆུ་བེད་ཐང་ཆེན་དུ“དམངས་གཉེར་ཁེ་ལས་ལྷན་དུ་འཛོམས་ནས་ཤེས་ལྡན་པ་བསྡུ་བ”དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་2023ལོའི་སློབ་ཐོན་སློབ་མའི་སློབ་རའི་གདན་ཞུའི་འདུ་ཚོགས་གཉེར་བ་རེད།

    ད་ཐེངས་ཀྱི་གདན་ཞུའི་བྱེད་སྒོར་ཁྱོན་ཁེ་ལས་17གྱིས་ལས་ཞུགས་ལས་གནས་100ལྷག་ཙམ་མཁོ་འདོན་བྱས་པར་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་སློབ་ཐོན་སློབ་མ་1000ལྷག་ཙམ་ཞུགས་ཡོད་པ་རེད། གདན་ཞུའི་འདུ་ཚོགས་ཐོག གདན་ཞུའི་ཚན་པ་ཁག་གིས་བསྒྲགས་ཡིག་སྟོན་པ་དང་། ངོ་འཕྲད་གདོང་ཐུག་གིས་སྤེལ་རེས། དོགས་གནད་ལ་ལན་འདེབས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལས་ཀ་འཚོལ་བར་ཡོང་མཁན་སློབ་ཐོན་སློབ་མར་ཁེ་ལས་ཀྱི་གནས་ཚུལ་རགས་བསྡུས་དང་། འཕེལ་རྒྱས་ཀྱི་མདུན་ལམ། མི་སྣའི་དགོས་མཁོ། གླ་ཕོགས་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད། གདན་ཞུའི་འདུ་ཚོགས་འཁྲུག་ཆ་དོད་ཅིང་། སློབ་ཐོན་སློབ་མས་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཁྱེར་ཏེ་མི་སྤྱོད་ཚན་པ་ཁག་དང་སྤེལ་རེས་ཧུར་ཐག་བྱས་པ་དང་། རང་འགུལ་གྱིས་མི་སྤྱོད་ཚན་པའི་དགོས་མཁོ་རྒྱུས་ལོན་བྱས་རྗེས་རང་ངོས་ཀྱི་འཇོན་ཐང་ལ་བལྟས་ནས་འདོད་བློ་མཐུན་པའི་ལས་གནས་བདམས་ཏེ་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་སྤྲད་པ་རེད།

    ཐེངས་འདིའི་གདན་ཞུའི་འདུ་ཚོགས་ལས་བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ“ཐམས་ཅད་སློབ་མའི་ཆེད་དུ་ཡིན་པའི”སློབ་གཉེར་དང་དོ་དམ་གྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་སློབ་ཐོན་སློབ་མ་རྣམས་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་རམ་འདེགས་བྱེད་པའི་ཆོད་སེམས་གང་ལེགས་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།