དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས།

    བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོ་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-16

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་གོ་རིམ་ལྡན་པའི་ངང་བྱེ་འགོག་བྱེ་བཅོས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་1800བཏང་ནས་ཁ་རུབ་ཆུས་དང་། དཔའ་ཤོད། བྲག་གཡབ། སྟེང་ཆེན། ལྷོ་རོང་། རི་བོ་ཆེ། མཛོ་སྒང་། སྨར་ཁམས་སོགས་རྫོང་དང་ཆུས་སུ་བྱེ་འགྱུར་ས་ཆ་མུའུ་4000ལ་བཅོས་སྐྱོང་བྱས་པ་རེད། བྱེ་འགོག་བྱེ་བཅོས་ལས་གྲྭའི་རྣམ་གྲངས་རྒྱུན་མཐུད་ལག་བསྟར་བྱས་པ་དང་བསྟུན་ནས་གྲོང་ཁྱེར་དང་། ཤང་གྲོང་། གྲོང་ལྷན་བཅས་ཀྱི་ཉེ་འཁོར་ས་ཞིང་བྱེ་མར་འགྱུར་ཚད་རིམ་བཞིན་འགོར་དུ་སོང་བ་དང་། ནགས་ཚལ་དང་། རྩྭ་ཐང་། རྩི་ཤིང་བཅས་ཀྱི་ཆུ་རྩ་གསོ་སྐྱོང་དང་། ས་ཆུ་སྲུང་བ། རླུང་འགོག་བྱེ་འཇགས་བཅས་ཀྱི་ནུས་པ་ཆེ་རུ་ཕྱིན་ནས་ཆབ་མདོའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་རྒྱུན་མཐུད་བརྟན་དུ་ཕྱིན་ཡོད།

    རྫོང་དང་ཆུས་ཁག་གི་བྱེ་འགྱུར་ས་ཆའི་གནས་ཚུལ་དངོས་ལ་གཞིགས་ནས། ཆབ་མདོ་གྲོང་ཁྱེར་ནགས་རྩྭ་ཅུས་ཀྱིས་ཆེད་ལས་ནགས་ལས་རྩད་ཞིབ་ཇུས་འགོད་སྒྲིག་གཞི་ཆེད་མངགས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པར་གདན་དྲངས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་འགོག་བྱེ་བཅོས་ཀྱི་འདུ་འགོད་ལག་བསྟར་ཇུས་གཞི་བཟོས་པ་དང་། རང་འགུལ་ངང་རང་བྱུང་ཐོན་ཁུངས་དང་ཆུ་བེད་སོགས་འབྲེལ་ཡོད་ལས་སྒོའི་སྡེ་ཚན་དང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པ། མཐུན་སྦྱོར་གཞོགས་འདེགས་དང་རང་འགན་རང་འཁུར་གྱི་ལས་ཀའི་ལམ་སྲོལ་བཙུཌ་པ་རེད།

    ལས་དོན་གྱི་འགན་འཁྲི་ཏན་ཏིག་བསྒྲུབ་ཆེད། ཆབ་མདོ་གྲོང་ཁྱེར་དང་རྫོང་དང་ཆུས་ཀྱི་ནགས་རྩྭ་སྡེ་ཚན་གྱིས་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་སྒྲུབ་ཚུལ་ལོ་འཁོར་ཁག་གི་ཆབ་མདོའི་ནགས་རྩྭ་ལས་དོན་གྱི་དམིགས་ཚད་འགན་འཁྲིའི་ཡི་གེའི་ནང་དུ་བཅུག་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་དཔྱད་བྱེད་ཀྱི་ཡོད། དུས་བཀག་ལྟར་ཆེད་མི་སྒྲིག་འཛུགས་བྱས་ནས་བྱེ་འགོག་བྱེ་བཅོས་ཀྱི་ཞིབ་བཤེར་རྩིས་ལེན་བྱས་ཏེ་ནགས་བཟོའི་སྤུས་ཚད་འགན་ལེན་བྱས་ཁར། བྱེ་འགྱུར་ས་ཆར་བཙུགས་པའི་ལྗོན་ཤིང་གི་གསོན་ཚད་དང་གནས་ཚད་མཐོ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།