དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་སྐྱོང་ལྗོངས་ཀྱི་མཐོ་གསར་གྲངས་འཛིན་དང་ལྗང་མདོག་བཟོ་ལས་ཀྱི་ཚོང་འགུགས་མ་འདྲེན་དང་བོད་ཀྱི་ཆུ་བཟང་འོས་སྦྱོར་ཚོགས་འདུ་ཤིས་ཨན་དུ་འཚོགས་པ།

    ཁྱོན་མཉམ་ལས་གྲོས་མཐུན་22བཞག་པ་དང་གྲོས་མཐུན་གྱི་དངུལ་འབོར་སྒོར་དུང་ཕྱུར་12.17ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-16

    ཚེས་14ཉིན་གྱི་སྔ་དྲོར། “2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་གསར་གྲངས་འཛིན་དང་། ལྗང་མདོག་བཟོ་ལས་ཀྱི་ཚོང་འགུགས་མ་འདྲེན་དང་བོད་ཀྱི་ཆུ་བཟང་འོས་སྦྱོར་ཚོགས་འདུ”ཤིས་ཨན་དུ་འཚོགས་ཤིང་། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ལྷ་སའི་མཐོ་གསར་ལག་རྩལ་ཁུལ། མངའ་རིས་ས་ཁུལ་གྱི་སེང་གེ་ཁ་འབབ་ཐོན་ལས་གླིང་། བོད་དང་མཚོ་སྔོན་བཟོ་ལས་གླིང་སོགས་ཚན་པ་དང་ཧྲའན་ཤིས་ཞིང་ཆེན། དེ་བཞིན་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་འབྲེལ་ཡོད་ཁེ་ལས་དབར་མཉམ་ལས་གྲོས་མཐུན་ཁག་22བཞག་པ་དང་གྲོས་མཐུན་དངུལ་འབོར་སྒོར་དུང་ཕྱུར་12.17ཟིན་ཡོད་པ་རེད།

    “ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་ནི་རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཅན་ཐིང་གིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་གཞི་ཚུགས་ནས་མཐོ་གསར་གྲངས་འཛིན་དང་ལྗང་མདོག་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད”ཅེས་རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཅན་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ཧོང་ཡིང་གིས་བཤད་པ་དང“གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་ལྗོངས་ཞིང་གཉིས་པོའི་མཉམ་ལས་སྤེལ་རེས་ཀྱི་མཐུན་ཆ་མུ་མཐུད་སྔོག་འདོན་བྱས་ནས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་དེ་བས་མང་བ་དོན་འཁྱོལ་ཐུབ་པ་དང་དུས་མཚུངས། མཉམ་ལས་ཀྱི་ལས་སྟེགས་ཧུར་ཐག་བསྐྲུན་ཏེ་རང་ལྗོངས་ཀྱི་མཐོ་གསར་གྲངས་འཛིན་དང་ལྗང་མདོག་བཟོ་ལས་ཁྱབ་ཁོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བ་དང་ཇི་ཙམ་བསྒྲུབས་པ་དེ་ཙམ་གྱིས་ཕན་འབྲས་ཐོན་པ་བྱེད་དགོས”ཞེས་བཤད་པ་རེད།

    བོད་ཀྱི་ཁྱད་ལྡན་ཐོན་རྫས་སྔར་བས་འོས་སྦྱོར་ཡག་པོ་བྱས་ནས་བོད་ཀྱི་ཐོན་རྫས་དང་དེ་བཞིན་ཐོན་ལས་ལ་ངོས་འཛིན་དང་། ཁས་ལེན། མོས་སེམས་བཅས་སྔར་བས་ཟབ་ཏུ་གཏོང་ཆེད། ཚོགས་འདུའི་རིང་ད་དུང་བོད་ཀྱི་རང་བྱུང་འཐུང་ཆུ་དང་། བོད་ལུགས་གསོ་རིག་དང་བོད་སྨན། ཞིང་འབྲོག་ཐོན་རྫས་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་སྤེལ་རེས་འབྲེལ་མཐུད་བྱེད་སྒོ་སྤེལ་བ་དང་རང་ལྗོངས་ཀྱི་ཁེ་ལས་22ཀྱིས་ཁྱད་ལྡན་ཐོན་རྫས་རིགས་120ལྷག་ཙམ་གཅིག་སྡུད་འགྲེམས་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།