དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གྲུབ་འབྲས་བཟང་པོར་བརྟེན་ནས་རྒྱུགས་ལན་གསར་པ་བྲིས་པ།

    ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་8.4%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་25.4%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས་21.6ལས་མཐོ་བ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་4.7%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་8.5%འཕར་བ་སོགས། གནད་ལ་འཁེལ་བའི་གྲངས་གཞི་རེ་རེ་ལས་གྲུབ་འབྲས་བཟང་པོ་ཐོབ་པའི་རྒྱབ་ཏུ་དཀའ་སྤྱད་དང་འབད་བརྩོན་ཧུར་ཐག་བྱས་པར་གསལ་འགྲེལ་བྱས་ཤིང་། གྲངས་གཞི་ངོ་མ་དེ་དག་ལས་ལྷ་སའི་མི་དམངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསོན་ཉམས་དོད་པོས་མངོན་ཡོད།

    འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། “ལྟེ་བ་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་བསྟར་དམ་འཛིན་བྱ་གཞིར་བྱེད་པ། “དཔལ་འབྱོར་སྟོབས་ཆེར་གཏོང་བའི”བྱ་སྤྱོད་ཤུགས་ཆེན་སྤེལ་བ་བཅས་ཀྱིས་དཔལ་འབྱོར་གྱི་ལས་དོན་ལ་སྤྱིའི་ཆ་ནས“འཕར་སྣོན་དང་། མཐོ་པོ། ཡར་རྒྱས། ལེགས་པོ”བཅས་ཀྱི་རྣམ་པ་བཟང་པོ་མངོན་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་བྱེད་ཐུབ་ནས་ལྟེ་བའི་གྲོང་ཁྱེར་གྱི་ངོས་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དཔེ་སྟོན་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ་སྣེ་ཁྲིད་ཀྱི་ཕན་འབྲས་སྔར་བས་འདོན་ཐུབ་ཡོད།

    ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་ཡིན་ཞིང་། འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཚོང་འགུགས་མ་འདྲེན་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང“1+3”གྱི་ཚོང་འགུགས་མ་འདྲེན་གྱི་རོགས་སྐྱོར་མ་དངུལ་སྐུལ་ལྕག་སྲིད་ཇུས་མ་ལག་བཟོས་ནས“བོད་ལ་མ་དངུལ་གཏོང་བར་སྔོན་ལ་ལྷ་ས་འདེམས་པ”རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ལ་གྱུར་ཡོད།

    གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་157.63དམིགས་སར་འབྱོར་ནས་རང་སྐྱོང་ལྗོངས་ཀྱི་སྒོར་དུང་ཕྱུར་248ཀྱི་དམིགས་ཚད་ལས་འགན་གྱི་63.56%ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་53.86%འཕར་ཡོད།

    ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཆབས་ཅིག རྣམ་གྲངས་གལ་ཆེན་རེ་རེ་བཞིན་དང་གསར་དར་ཐོན་ལས་ཁག་གཅིག་ལྷ་སར་གཞི་ཚུགས་པ་དང་གྲུབ་འབྲས་བཟང་པོ་ཐོབ་ཡོད། འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་གྲངས་འཛིན་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་སྔོན་ཚུད་ནས་རྣམ་གྲངས་ཇུས་འགོད་བྱེད་པ་དང་། གཙོ་རྒྱུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་ཀྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་མགྱོགས་སུ་བཏང་ཡོད། འདི་ལོའི་ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་93ནང་རྣམ་གྲངས་72ལས་འགོ་བསྐྱར་དུ་ཚུགས་པ་དང་ལས་འགོ་བསྐྱར་དུ་ཚུགས་ཚད་77.4%ཟིན་ཡོད།

    ཟླ་བདུན་པར་ལྷ་ས་སྦི་རག་བཟོ་གྲྭའི་བཟོ་གྲྭ་གསར་པ་སྟེ་བོད་ལྗོངས་ཧྲེང་པང་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་ལོ་རེའི་སྦི་རག་ཏུན་ཁྲི་30ཐོན་སྐྱེད་ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོ་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཉེར་བ་རེད། རྣམ་གྲངས་དེར་མ་དངུལ་བསྡོམས་སྒོར་དུང་ཕྱུར་14ཙམ་བཏང་བ་དང་སྤྱོད་འགོ་ཚུགས་རྗེས་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་20ཙམ་ཟིན་རྒྱུ་དང་ཁྲལ་འབབ་སྒོར་དུང་ཕྱུར་2ཙམ་ལེགས་གྲུབ་ཐུབ་ནས་མི་300ཙམ་ཐད་ཀར་ལས་ཞུགས་ཐུབ་རྒྱུ་རེད།

    ཐོན་ལས་སྟོབས་ཆེར་ཕྱིན་པ་དང་གྲོང་གསེབ་དར་རྒྱས་ཕྱིན་ནས་མི་སེར་ཕྱུག་པོ་ཆགས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་སྡོད་མལ་དང་ལས་ཀར་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོར་ཚད་གཞི་མཐོ་བའི་ས་ཞིང་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པས་དེ་སྔ་ཐར་ཐོར་དུ་གནས་པའི་ས་ཞིང་ཁོད་སྙོམས་ཡུག་འབྲེལ་དུ་གྱུར་བ་དང་ད་ཆའི་སོན་འདེབས་དང་སྟོན་བསྡུའི་ལས་ཀ་ཚང་མ་འཕྲུལ་ཆས་ལ་བརྟེན་ནས་བྱེད་ཀྱི་ཡོད། 2022ལོར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་དམར་གྲོང་ཚོའི་སྟོན་བསྡུའི་ལས་དོན་ཉིན་གཉིས་ནང་ཚར་གྱི་ཡོད།

    ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཆབ་སྲིད་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཡོད། འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་དུད་ཚང་254ཡི་མི་1007དབུལ་ལོག་དང་དབུལ་པོ་ཆགས་པའི་ཉེན་ཁ་བསལ་བ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་4ཡི་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཁེ་ལས་ལ་བདེ་བླག་ངང་ཡིག་ཐོག་སྙན་ཞུ་བྱས་པ། མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་24ལས་འགོ་ཚུགས་ཡོད།

    དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཞིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་དམངས་འཚོ་འགན་ལེན“མྱུར་པོ”མངོན་གསལ་དོད་པོ་ཡོང་བར་བྱས་པས་གྲུབ་འབྲས་བཟང་པོ་རྒྱུན་ཆད་མེད་པར་མང་པོ་ཐོབ་ཡོད། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་ཕྱིར་གླ་པར་སྐྱོད་མཁན་མི་གྲངས་ཁྲི་2ཙམ་ཟིན་ནས་ལོ་འཁོར་ལས་འགན་གྱི་103%ལེགས་གྲུབ་ཐུབ་ཡོད། དམངས་འཚོའི་བྱ་བ་དངོས་ཁག་18གོ་རིམ་ལྡན་པའི་ངང་སྤེལ་ནས་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་ལྷ་སའི་སློབ་གྲྭ་སོགས་རྣམ་གྲངས་མགྱོགས་མྱུར་བསྐྲུན་ཡོད། རྫོང(ཆུས)ཁག་གི་སྨན་ཁང་བསྒྱུར་བའི་ཐོགས་མེད་བགྲོད་ལམ་དངོས་སུ་ཤར་གཏོང་ཐུབ་ནས་རིགས་ཁག་གི་འགན་བཅོལ་ལ་ཞུགས་མཁན་མི་ཁྲི་67ལྷག་ཙམ་ཟིན་ཞིང་། མ་མཐའི་འཚོ་བ་འགན་ལེན་དང་། རོགས་སྐྱོབ། དེ་བཞིན་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་ཁྲི་4327.34སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།