དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཆུས་ཡུས་ཏོའུ་ཆོན་གྲོང་ཚོའི་ཏང་ཀྲི་པུས་འཕྲལ་མར་རོགས་སྐྱོབ་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྥན་ཅུན་ཆང་།   |     སྤེལ་དུས།  2023-08-15

    ཟླ་8ཚེས་13ཉིན་གྱི་ཞོགས་པ་ཡུས་ཏོའུ་ཆོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཝུན་ཁྲུན་གྱིས་ཞོགས་ཚོགས་འཚོགས་ནས་ལམ་བུ་གཤོང་བ་དང་། སྡོད་ཁང་ཉམས་བཟོ། དངོས་ཟོག་སྤྲོད་པ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཧྥང་ཧྲན་ཆུས་ཕུའུ་ཝ་ཤང་གི་ཆེས་ནུབ་རྒྱུད་དུ་གནས་པའི་ཡུས་ཏོའུ་ཆོན་གྲོང་ཚོ་ནི་པེ་ཅིང་གི་ནུབ་ངོས་སུ་ཡོད་པའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པས“པེ་ཅིང་གི་ནུབ་སྣེ”ཞེས་བརྗོད་ཀྱི་ཡོད། རི་བོ་གཉིས་ཀྱི་དཀྱིལ་དུ་གནས་པར་བརྟེན་ད་ཐེངས་ཀྱི་ཆུ་ལོག་ཁྲོད་ཡུས་ཏོའུ་ཆོན་གྲོང་ཚོར་གྱོང་གུན་ཚབས་ཆེན་ཕོག་ཡོད།

    ཟླ་7ཚེས་31ཉིན་གྱི་ས་སྲིབ་ཏུ་དྲག་ཆར་བབས་ཤིང་། མ་གཞི་གྲོང་མི་ཚོས་ཉེན་ཟོན་སྔོན་བརྡ་གཞིར་བཟུང་ཁ་གཏད་གཅོག་པ་དང་གྲ་སྒྲིག་བྱས་མོད། འོན་ཀྱང་ཆུ་ཤུགས་ཆེ་བས་སྒོ་རའི་ནང་རྒྱུག་སྟེ་གྱང་ལོག་ནས་ཉེན་ཡོད་སྡོད་ཁང་དུ་གྱུར། ཀྲང་ཝུན་ཁྲུན་གྱིས་གནས་ཚུལ་དེ་མཐོང་རྗེས་ཏང་ཡོན་ཁ་ཤས་དང་གྲོང་ཚོའི་ལས་བྱེད་པ་ཁྲིད་དེ“མང་ཚོགས་བདེ་འཇགས་ཡོང་བ་བྱེད་པ་ནི་གལ་ཆེ་ཤོས་ཡིན་པས་མགྱོགས་པོ་ང་དང་མཉམ་དུ་ཁོང་ཚོ་སྐྱོབ་པར་འགྲོ”ཞེས་བཤད།

    དུས་ཚོད་ནི་ཚེ་སྲོག་དང་གནོད་འཚེའི་གནས་ཚུལ་ནི་བཀའ་རྒྱ་ཡིན། ཏང་ཡོན་དང་གྲོང་ཚོའི་ལས་བྱེད་པ་ཚོས་ཆུའི་ནང་ལྷུངས་པའི་དངོས་པོ་དག་ཚ་ཚ་འུར་འུར་ངང་དབོར་ཞིང་། འཁྱིལ་ཆུ་གཤོང་སྐབས། ཀྲང་ཝུན་ཁྲུན་ཆུས་འཁྱེར་བ་དང་སྟབས་ལེགས་པ་ཤིག་ལ་ཉེ་འགྲམ་གྱི་ཤིང་སྡོང་ཆེན་པ་ཞིག་ལ་འཐམ་ཐུབ་ཙམ་བྱུང་། སྲོག་ཉེན་གྱི་དུས་སུ་ཁོང་གིས“མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་ནི་རང་ཉིད་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ཡིན་པ་བློ་ལ་བརྟན་པོར་ངེས་ཡོད”

    ཟླ་8ཚེས་2ཉིན་གྱི་སྔ་དྲོ། གྲོང་ཚོའི་མཉམ་སྡེབ་ཀྱི་འབབ་ཁུངས་གཙོ་བོ་ཞིག་ཡིན་པའི་བྱ་གསོ་ར་བའི་ཟུར་ཞིག་ལོག་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན་ཁུའེ་ཀུང་ལིན་གྱིས་འཕྲལ་མར་མི་ཁྲིད་ནས་ཉམས་བཟོ་བྱས། ཁོང་ཆར་པ་དང་རྔུལ་ཆུས་ཚོས་པ་མ་ཟད། མིག་ཀྱང་རབ་རིབ་ཏུ་གྱུར། ཁོང་གིས་ལག་ཆ་འཁྱེར་ནས་ཚང་མ་དང་མཉམ་དུ་བྱ་གསོ་ར་བ་ཉམས་བཟོ་བྱས་ཤིང་། ངལ་དུབ་ཆེའང་ཞོར་སྐྱོན་མ་ཐོན་པ་བྱ་ཆེད་ཁོང་གིས་དེ་གར་སྲུང་སྐྱོང་བྱས་ནས་བསྡད་པ་རེད།

    གྲོང་ཚོའི་ཆུ་དང་གློག་ཆད་ནས་འབྲེལ་བ་བྱེད་ཐབས་བྲལ། དྲག་ཆར་ཆད་རྗེས་ཡུས་ཏོའུ་ཆོན་གྲོང་ཚོའི་ཏང་ཀྲི་པུས་ལས་ཀའི་དམིགས་ཚད་བསྒྱུར་ནས་ཐོན་སྐྱེད་དང་འཚོ་བའི་རང་སྐྱོབ་ལས་ལ་གཞོལ། འོན་ཀྱང་གྲོང་ཚོ་དང་ཧྥང་ཧྲན་ཆུས་སྲིད་གཞུང་དབར་བར་ཐག་སྤྱི་ལེ་110ཡོད་པ་དང་ཕུའུ་ཝ་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་30ཡོད་པ་རེད།

    “སྒུག་བསྡད་ན་མི་འགྲིག རོགས་སྐྱོབ་བྱེད་མཁན་མ་འབྱོར་གོང་ང་ཚོས་རང་སྐྱོབ་བྱེད་དགོས། ང་ཚོ་དང་ཧོ་པེའི་དབར་བར་ཐག་ཉེ་བས་སྔོན་ལ་ཧོ་པེར་འགྲོ་སའི་ལམ་བུ་གཤོང་དགོས”ཞེས་གྲོང་ཚོའི་ཏང་ཀྲི་པུའི་ཏང་ཡོན་ཡོངས་ཀྱིས་དེ་ལྟར་ཐག་བཅད། གྲོང་ཚོའི་ནང་བེད་སྤྱོད་ཐུབ་པའི་འཕྲུལ་འཁོར་སྤྱད་དེ་ཉིན་མཚན་བལྟོས་མེད་ངང་ལམ་བཤངས་པ་དང་གྲོང་ཚོའི་ཏང་ཀྲི་པུས་མི་བཏང་སྟེ་གློག་གཏོང་འཕྲུལ་ཆས་གསུམ་ཉོས་ནས་གྲོང་ཚོར་གློག་བཏང་བ་དང་དངོས་ཟོག་གྲབས་གསོག་བྱས་ནས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་བསྐངས་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།