དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་པའི“ས་འོག་ལྕགས་ལམ་སློབ་གྲྭ”ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཐོར“སྤྱོད་འགོ་ཚུགས་པ”

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-15

    འདི་ནི་ཟླ་8ཚེས་10ཉིན་ཁོ་ལོམ་པི་ཡའི་པོ་ཀོ་ཐོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁེ་ལོ་ཏི་ཡ·ལོ་ཕེ་སིས་འདྲ་དཔེའི་འཁོར་སྒྲོམ་ནང་བྱེད་སྒོར་ཞུགས་མཁན་དགེ་སློབ་དང་སྤེལ་རེས་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པོ་ཀོ་ཐོ་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་ནས་བཟུང་ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཐོའི་བྱིས་པའི་སྤྱི་གླིང་དུ་ལྟ་སྐོར་དུ་སྐྱོད་མཁན་ཡུལ་སྐོར་བར་འགྲོ་ས་གསར་པ་ཞིག་མང་དུ་ཕྱིན་པ་སྟེ“ས་འོག་ལྕགས་ལམ་སློབ་གྲྭ”ཡིན་པ་རེད།

    འཆར་གཞི་གཞིར་བཟུང་། ཀྲུང་གོ་མཚོ་ཁུག་ལས་གྲྭ་ཚད་ཡོད་ཀུང་སི(ཀྲུང་གོ་མཚོ་ཁུག)དང་ཤིས་ཨན་གྲོང་ཁྱེར་ལྕགས་ལམ་འགྲིམ་འགྲུལ་ཚོགས་པ་ཚད་ཡོད་ཀུང་སི་ལས་གྲུབ་པའི་ཀྲུང་གོའི་ཁེ་ལས་མཉམ་འབྲེལ་སྒྲིག་གཞིས་སྐྲུན་འགན་ཁུར་བའི་གྲོང་ཁྱེར་པོ་ཀོ་ཐོའི་ས་འོག་ལྕགས་ལམ་ཐོག་མ་དེ་2028ལོར་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་རེད། “ས་འོག་ལྕགས་ལམ་སློབ་གྲྭ”འདི་འབྱུང་འགྱུར་གྱི་བཀོད་པར་ལད་མོ་བྱས་ཤིང་། གཙོ་གཞིའི་ཆ་ཤས་ནི་1:1གི་འདྲ་དཔེའི་འཁོར་སྒྲོམ་ཡིན་པ་དང་། དེ་ནི་ཀྲུང་གོ་ཀྲུང་ཁྲེ་ཁྲང་ཁྲུན་ལྕགས་ལམ་འགྲུལ་སྐྱེལ་མེ་འཁོར་མ་རྐང་ཚད་ཡོད་ཀུང་སིས་བཟོས་པ་ཞིག་རེད།

    “ས་འོག་ལྕགས་ལམ་སློབ་གྲྭའི”འགོ་ཚུགས་མཛད་སྒོའི་ཐོག་པོ་ཀོ་ཐོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁེ་ལོ་ཏི་ཡ·ལོ་ཕེ་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གྲོང་ཁྱེར་པོ་ཀོ་ཐོར་རྒྱུན་གཏན་ལས་ཀར་འགྲོ་མཁན་མི་ཐེངས་ཁྲི་1100ཟིན་པས་ས་འོག་ལྕགས་ལམ་ལམ་ཐིག་དང་པོས་འགྲིམ་འགྲུལ་འགག་པ་དང་རླངས་འཁོར་གྱི་མཇུག་རླངས་འབུད་ཚད་ཉུང་དུ་ཤུགས་ཆེན་གཏོང་རྒྱུ་རེད། “ས་འོག་ལྕགས་ལམ་སློབ་གྲྭ”སྤྱོད་པ་ནི་2028ལོར་ས་འོག་ལྕགས་ལམ་དངོས་སུ་བེད་སྤྱོད་མ་བྱས་གོང་ཚང་མར་ས་འོག་ལྕགས་ལམ་བེད་སྤྱོད་ཡང་དག་དང་བདག་གཅེས་བྱ་རྒྱུར་ཁྲིད་སྟོན་བྱ་ཆེད་ཡིན་ཞེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་པོ་ཀོ་ཐོའི་བྱིས་པའི་སྤྱི་གླིང་གི་ས་ཁྱོན་ལ་སྨི་ངོས་གྲུ་ཁྲི་1.64ཟིན་ཞིང་། དེ་ནི་ས་གནས་དེ་གའི་བྱིས་པར་ཞབས་འདེགས་ཞུ་བའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་པ་དང་། གཟའ་མཇུག་ཏུ་ཆ་སྙོམས་བྱིས་པ་དང་ཁྱིམ་བདག་མི་ཐེངས་ཁྲི་གཉིས་ལྷག་ཙམ་ལ་སྣེ་ལེན་ཞུ་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།