དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཝ་རྒྱལ་ཁབ་གཉིས་པོའི་དམག་ཁོངས་སྨན་པས“ཞི་བདེའི་གྲུ་ཆེན”ཐོག་མཐོང་དཀོན་པའི་ཨོལ་གོང་གཤེར་རྨེན་གྱི་སྐྲན་ནད་ཚབས་ཆེན་ཕོག་པའི་ནད་པར་གཤགས་བཅོས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-15

    འདི་ནི་ཟླ་8ཚེས་10ཉིན་ཝ་ནུ་ཨ་ཐུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཝེ་ལ་གྲུ་ཁར་ཡོད་པའི་ཀྲུང་གོའི་མཚོ་དམག་གི་སྨན་ཁང་གྲུ་གཟིངས“ཞི་བདེའི་གྲུ་ཆེན”རྟགས་ཅན་ཐོག་མཐོང་དཀོན་པའི་ཨོལ་གོང་གཤེར་རྨེན་གྱི་སྐྲན་ནད་ཚབས་ཆེན་ཕོག་པའི་ནད་པར་གཤགས་བཅོས་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཝ་ནུ་ཨ་ཐུའི་གྲོང་ཁྱེར་ཝེ་ལ་གྲུ་ཁ་ནས་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་10ཉིན་གྱི་སྔ་དྲོ། ཝ་ནུ་ཨ་ཐུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཝེ་ལ་གྲུ་ཁར་ཡོད་པའི་ཀྲུང་གོའི་མཚོ་དམག་གི་སྨན་ཁང་གྲུ་གཟིངས“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་ལས་སྟེགས་གཙོ་བོར་མཐོང་དཀོན་པའི་ཨོལ་གོང་གཤེར་རྨེན་གྱི་སྐྲན་ནད་ཚབས་ཆེན་ཕོག་པའི་ནད་པར་གཤགས་བཅོས་བྱས་པ་ལེགས་གྲུབ་བྱུང་བ་རེད། གཤགས་བཅོས་དེ་ཀྲུང་ཝ་རྒྱལ་ཁབ་གཉིས་པོའི་དམག་ཁོངས་སྨན་པས་མཉམ་འབྲེལ་ཐོག་ལེགས་སྒྲུབ་བྱས་པ་ཞིག་ཡིན་ཞིང་། གཤགས་བཅོས་བྱས་རྗེས་ཀྱི་ནད་པའི་གནས་ཚུལ་ཡག་པོ་ཡོད་པ་རེད།

    ལོ་31ལ་སླེབས་པའི་ཝེ་ལ་གྲུ་ཁའི་གྲོང་མི་ཁོ་ཐེ་·དབྱི་ཐེ་ན་ནི་ཕྲུ་གུ་གསུམ་གྱི་ཨ་མ་ཡིན་ཞིང་། ཁོང་གི་བཟའ་ཟླ་ཏའོ་ཀེ་ལ་སི་·པིན་སེན·ཁོ་ཐེ་ནི་ས་གནས་དེ་གའི་ཤིང་བཟོ་བ་ཞིག་རེད། 2019ལོར་དབྱི་ཐེ་ན་ཡི་མཇིང་པའི་གཡོན་ངོས་སུ་སྐྲངས་འབུར་ཆུང་ཆུང་ཞིག་ཐོན་ཡང་། ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་ཞན་པས་སྐྲངས་འབུར་ལོ་རེ་བཞིན་ཆེ་རུ་ཕྱིན་ནས་ད་ཆ་ཀུ་ཤུའི་ཆེ་ཆུང་ཙམ་ཆགས་ཡོད། ཚེས་9ཉིན་གྱི་སྔ་དྲོར་དབྱི་ཐེ་ནས་རེ་བ་ཆེན་པོ་བཅངས་ཏེ་སྨན་ཁང་གྲུ་གཟིངས“ཞི་བདེའི་གྲུ་ཆེན”རྟགས་ཅན་ཐོག་ཡོང་ཞིང་། ཀྲུང་གོའི་མཚོ་དམག་གི་དམག་ཁོངས་སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་ནད་པའི་མཇིང་པའི་གཡོན་ངོས་ཀྱི་ཨོལ་གོང་གཤེར་རྨེན་གྱི་ཚངས་ཐིག་ལ་ཧ་ལམ་ལི་སྨི་10ཡོད་པ་དང་། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་CTབཤར་ཕབ་བྱས་པ་ལས་མངོན་པ་ལྟར་ན། སྐྲན་གྱིས་གློ་ཡུ་མནན་ཡོད་པ་མ་ཟད། གློ་ཡུ་ཀྱོག་ཡོད་པས་གལ་ཏེ་དུས་ཐོག་ཏུ་གཤགས་བཅོས་མ་བྱས་ན་ནད་པས་དབུགས་འབྱིན་རྔུབ་མ་ཐུབ་པར་དབུགས་ཆད་པའི་ཉེན་ཁ་ཡོད། སྐྲན་ཆེ་རུ་ཕྱིན་པ་དང་བསྟུན་ནས་དབྱི་ཐེ་ན་ཡི་སེམས་ཁྲལ་ཡང་ཆེ་རུ་འགྲོ་གི་ཡོད། ཁོང་གིས“རྒྱུན་གཏན་གྱི་ལས་ཀ་དང་སྤེལ་རེས་བྱེད་ཁག་པོ་ཡོད་པ་མ་ཟད། གཞན་གྱིས་ང་ལ་ལྟ་སྟངས་མི་འདྲ་བ་ཞིག་འཛིན་གྱི་འདུག”ཅེས་བཤད།

    མཉམ་འབྲེལ་ཐོག་ནད་དཔྱད་བྱས་པ་བརྒྱུད་སྨན་ཁང་གྲུ་གཟིངས“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱིས་དབྱི་ཐེ་ནར་གཤགས་བཅོས་བྱ་རྒྱུའི་ཐག་བཅད་པ་རེད། ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཐོག་དབྱི་ཐེ་ན་གཤགས་བཅོས་ཁང་དུ་སླེབས་པ་དང་། གཤགས་བཅོས་བདེ་བླག་ཡོང་ཆེད། ཀྲུང་གོའི་དམག་ཁོངས་སྨན་པ་དང་། ཀྲུང་གོའི་ཝ་ནུ་ཨ་ཐུར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན། ཝ་ནུ་ཨ་ཐུའི་དམག་ཁོངས་སྨན་པ་བཅས་ཀྱིས་མཉམ་འབྲེལ་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་ཚོགས་པ་ཞིག་བཙུགས་ཤིང་། ཀྲུང་གོའི་མཚོ་དམག་གི་དམག་ཁོངས་སྨན་པ་སུའུ་ཏུང་ཝེ་ཡིས་གཤགས་བཅོས་པ་གཙོ་བོའི་འགན་འཁུར་བ་དང་། ཝ་ནུ་ཨ་ཐུའི་སྐབས་བསྟུན་དཔུང་སྡེའི་དམག་ཁོངས་སྨན་པ་ཅང་ཧེང་ལིས་ལས་རོགས་པའི་འགན་ཁུར་ནས། ཀྲུང་ཝ་རྒྱལ་ཁབ་གཉིས་པོའི་དམག་ཁོངས་སྨན་པས་ཐུན་མོང་ཐོག་གཤགས་བཅོས་བྱས་པ་རེད། ཆུ་ཚོད་གཅིག་ལྷག་ཙམ་རིང་ཛ་དྲག་གི་གཤགས་བཅོས་བྱས་པ་བརྒྱུད་ཚངས་ཐིག་ལ་ལི་སྨི་10.5དང་ལྗིད་ཚད་ལ་ཁེ་500ཙམ་ཡོད་པའི་སྐྲན་ཅིག་བདེ་བླག་ངང་བཀོག་ཐུབ་པ་དང་། གཤགས་བཅོས་བྱས་རྗེས་ཀྱི་ནད་པའི་གནས་ཚུལ་ཡག་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།