དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2023ལོའི“མཚོ་སྔོན་པོའི”རོལ་དབྱངས་དུས་ཆེན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-15

    ཟླ་8ཚེས་11ཉིན། “ཆུ་བོ་དང་མཚོ་མོའི་རྦ་རླབས་ཀྱི་སྒྲའི་ཁྲོད་ནས་མི་ཚེའི་སྙིང་པོ་ལེན་པ”བརྗོད་དོན་གཙོ་བོར་བྱས་པའི་2023ལོའི“མཚོ་སྔོན་པོའི”རོལ་དབྱངས་དུས་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མཚོ་སྔོན་པོའི་ངོགས་སུ་འཚོགས་པ་རེད།

    སྐབས་འདིའི་རོལ་དབྱངས་དུས་ཆེན་ཐོག་ཚེ་སྲོག་ལ་བསྟོད་གླུ་འབུལ་བ་དང་། རང་བྱུང་ཁམས་ལ་བརྩི་བཀུར་ཞུ་བ། ཞི་མཐུན་ལ་སྐུལ་འདེད་གཏོང་བ། རིག་གནས་སྤེལ་རེས་བྱེད་པ། ཤེས་དཔལ་བརྒྱུད་སྤེལ་བྱེད་པ་བཅས་བརྗོད་དོན་གཙོ་བོར་བཟུང་ཡོད།

    ཤེས་རྟོཊ་བྱུང་བར་གཞིཊ་ན། སྐབས་འདིའི་རོལ་དབྱངས་དུས་ཆེན་ཟླ་8ཚེས་11ནས་16ཉིན་བར་འཚོག་རྒྱུ་དང་། དེའི་རིང་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་སོགས་སུ་མཉམ་སྒྲོག་རོལ་དབྱངས་འདུ་འཛོམས་དང་། རོལ་མོའི་རིག་གཞུང་གླེང་མོལ་ཚོགས་འདུ། ཕྱི་རོལ་རོལ་དབྱངས་དུས་ཚིགས་ཀྱི་འཁྲབ་སྟོན། ཕྱི་རོལ་དུ་གློག་བརྙན་སྟོན་པ། ཡུལ་སྐོར་འོས་སྦྱོར། བྱ་དགའ་ཐོབ་པའི་བརྩམས་ཆོས་འཁྲབ་སྟོན་དགོང་ཚོགས། རིག་གནས་དམངས་ཕན་སོགས་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་ནས། མི་དམངས་མང་ཚོགས་རོལ་དབྱངས་དུས་ཆེན་ལ་ཞུགས་ཚད་མང་དུ་དང་མི་དམངས་མང་ཚོགས་ཀྱི་རིག་གནས་ཐད་ཀྱི་གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག “རི་བོའི་རྒྱལ་པོ་དང་ཆུ་བོའི་འགོ་ཁུངས”དང“མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་རིག་གནས་མཚོན་རྟགས་བཏོད་དེ་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།