དབུ་ཤོག
  • ཞོ་སྟོན་རིང་ངལ་གསོ་འཇོག་པའི་སྐོར་གྱི་བརྡ་ཐོ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-08-14

    2023ལོའི་ཞོ་སྟོན་གྱི་ངལ་གསོ་བཀོད་སྒྲིག་བྱེད་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བརྡ་ཐོ།

    གྲོང་ཁྱེར་དུ་བཅའ་སྡོད་ཚན་པ་ཁག་ལ།

    《རྒྱལ་ཡོངས་ཀྱི་ལོ་གསར་དང་དུས་ཆེན། དེ་བཞིན་རྗེས་དྲན་ཉིན་མོར་ངལ་གསོ་འཇོག་པའི་བྱེད་ཐབས》ཀྱི་དོན་ཚན་བཞི་པའི་གཏན་འབེབས་ལྟར། “གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་དུས་ཆེན་ལ་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་སོ་སོའི་གོམས་སྲོལ་ལྟར། ངལ་གསོའི་དུས་ཚོད་གཏན་འཁེལ་བྱེད”པའི་དགོངས་དོན་གཞིར་གཞིར་བཟུང་། ད་ལྟ་2023ལོའི་ཞོ་སྟོན་གྱི་ངལ་གསོ་བཀོད་སྒྲིག་བྱེད་རྒྱུ་གཤམ་གསལ། 

    ཟླ་8ཚེས་16ཉིན་ནས་བཟུང་2023ལོའི་ཞོ་སྟོན་གྱི་ངལ་གསོ་འཇོག་རྒྱུ་དང་ཟླ་8ཚེས་21ཉིན་ནས་རྒྱུན་གཏན་ལས་ཀར་ཡོང་དགོས། 

    དུས་ཆེན་གྱི་ངལ་གསོའི་རིང་། གྲོང་ཁྱེར་དུ་བཅའ་སྡོད་ཏང་སྲིད་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ་ཁག་གིས་ལས་རེས་འགོ་ཁྲིད་དང་ལས་རེས་མི་སྣའི་ལས་རེས་ཁྲིད་སྟོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། རང་དགར་ལས་གནས་ནས་ཁ་བྲལ་རིགས་དང་ལས་གནས་སུ་མི་སྡོད་པ་གཏན་འགོག་དང་། ལས་ཀར་འཐུས་ཤོར་མི་ཡོང་བར་འགན་ལེན། ལས་ཀ་རྒྱུན་མཐུད་ནས་བྱེད་ཐུབ་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གལ་ཏེ་ཐོལ་བྱུང་གི་དོན་རྐྱེན་ཚབས་ཆེན་ཐོན་ཚེ། གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད་ཐག་གཅོད་འོས་འཚམ་བྱས་ཏེ། མི་དམངས་མང་ཚོགས་བདེ་འཇགས་ངང་དུས་ཆེན་གཏོང་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས། 

    ཆེད་དུ་བརྡ་ཐོ་འདི་བཏང་།

    ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་ནས།

    2023ལོའི་ཟླ་8ཚེས་12ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།