གཏན་འཁེལ་བྱས་འདུག སང་ཉིན་སྔ་དྲོ་རེད།
ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་དྲུག་པར་རྟེན་འབྲེལ་ཞུ་བ་དང་དུས་མཚུངས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། “ཚེ་སྲོག་གོང་བཀུར་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་ཧུར་འབུལ། གཅེས་སེམས་ཟབ་བཅངས”བཅས་ཀྱི་ལས་རིགས་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་2023ལོའི་ཟླ་8ཚེས་15ཉིན་ཚན་ཁག་མང་པོའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་མཁན་རེད་འདུག
དུས་ཚོད།
2023ལོའི་ཟླ་8ཚེས་15ཉིན་གྱི་ཆུ་ཚོད་10པ་ནས་12བར།
ས་གནས།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སྒོ་བསྟེན་ཐོག་ཁང་གི་མདུན་དུ།
སྨན་བཅོས་ཚན་ཁག
གྲུམ་ནད་ཚན་ཁག་དང་། ས་མཐོའི་ནད་ཀྱི་སྙིང་ཁམས་ཁྲག་རྩའི་ཚན་ཁག འཇུ་བྱེད་མ་ལག་ཚན་ཁག གསང་རྒྱུད་ཟགས་ཁུའི་ཚན་ཁག དབང་རྩའི་ཚན་ཁག དབུགས་ལམ་དང་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག མཁལ་མའི་ཚན་ཁག སྐྲན་ནད་ཚན་ཁག་བཅས་ཡིན་ཞིང་། ད་ཐེངས་ཀྱི་བྱེད་སྒོར་རིགས་གཅིག་མཁས་ཅན་མང་པོས་ཚང་མར་ཆེད་ལས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་བ་དང་བདེ་ཐང་བློ་འདྲི་བྱེད་རྒྱུ་ཡིན་པ་རེད།